ཀློག་པ་པོའི་དོ་ཁུར་བྱ་ཡུལ།
དེ་སྔ་ང་ཚོའི་ཁུལ་ཆུང་གི་ཆུ་ཤུགས་དེ་ཙམ་བརྟན་པོ་མེད་པ་དང་། ཆུ་ཁུངས་དེ་ས་ངོས་ཆུར་བསྒྱུར་རྗེས། གནད་དོན་འདི་ཐག་གཅོད་ཐུབ་སོང་། ཆུ་ཀ་ལ་ཀུང་སིའི་ལས་དོན་མི་སྣས་ཆུ་ནི་རྒྱལ་ཁབ་ཀྱི་ཆུ་དྲའི་ལས་གྲྭ་བརྒྱུད་ནས་གཏོང་གི་ཡོད་ཅེས་བརྗོད་ཀྱི་འདུག་པས། རྒྱལ་ཁབ་ཀྱི་ཆུའི་དྲ་བ་ནི་དྲ་བ་གང་འདྲ་ཞིག་ཡིན་པ་དང་། ང་ཚོ་མི་སེར་ལ་ཕན་པ་གང་དག་སྐྲུན་གྱི་ཡོད་ལུགས་ང་རང་ཤེས་འདོད་ཆེན་པོ་འདུག
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་བཏོན་པར། “དེང་རབས་ཅན་གྱི་ཆུའི་དྲ་བ་མགྱོགས་མྱུར་བསྐྲུན་ནས་ཆུ་ལོག་གི་གནོད་འཚེ་སྔོན་འགོག་དང་། ཆུའི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་སྲུང་བཅས་བྱེད་ནུས་ཆེ་རུ་གཏོང་དགོས”
དེང་རབས་ཅན་གྱི་ཆུའི་དྲ་བ་མགྱོགས་མྱུར་སྐྲུན་པ་ནི་ཆུའི་ཐོན་ཁུངས་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག ཆུའི་གནོད་འཚེ་བཅས་ཀྱི་གནད་དོན་སྤྱི་འདོམས་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་འབྲི་ཆུ་ཧོའེ་ཧོ་གཙང་པོར་འདྲེན་པའི་དུས་ཐེངས་དང་པོ་སོགས་གཙོ་གནད་ཆུ་འདྲེན་གཏོང་ལས་གྲྭ་ཁག་12བསྐྲུན་ཡོད། 《རྒྱལ་ཁབ་ཀྱི་ཆུའི་དྲ་བ་འཛུགས་སྐྲུན་འཆར་འགོད་རྩ་གནད》ནང་ཁ་གསལ་བཟོས་པའི་ཆུ་འདྲེན་དང་ཆུ་འབུད་གཙོ་བོའི་ཆུ་ལམ་40ཡི་ནང་ནས་ཆུ་ལམ་35བསྐྲུན་དང་སྐྲུན་བཞིན་ཡོད། “ལྷོ་བྱང་བཀོད་སྒྲིག་དང་ཤར་ནུབ་བརྟེན་རེས་བྱེད་པའི”ཆུའི་ཐོན་ཁུངས་བཀོད་སྒྲིག་གི་རྣམ་པ་མགྱོགས་མྱུར་ཆགས་པར་བྱས་ཏེ། ཆུ་ལོག་སྔོན་འགོག་དང་། ཆུ་མཁོ་འདོན་བདེ་འཇགས། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་འགན་སྲུང་བྱ་ཆེད་ནུས་པ་གལ་ཆེན་བཏོན་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་སྐབས་ཆུའི་ཐོན་ཁུངས་ཀྱི་གནད་དོན་ལ་བསམ་གཞིག་བྱེད་དགོས། ཆུ་བེད་པུའུ་འཆར་འགོད་སིའི་སི་ཀྲང་གཞོན་པ་ཝང་ཅིའུ་ཏ་ཡིས་ངོ་སྤྲོད་བྱས་དོན། དབྱར་དུས་འབྲུབ་ཆུ་རྒྱས་པ་དང་དགུན་དུས་བྲི་བ། བྱང་ཕྱོགས་སུ་ཆུ་དཀོན་པ་དང་ལྷོ་ཕྱོགས་སུ་ཆུ་འབེལ་པོ་ཡོད་པས། ཆུའི་ཐོན་ཁུངས་ཀྱི་ཡུལ་དུས་ཁྱབ་ཚུལ་ཧ་ཅང་དོ་སྙོམས་མེད་པ་ནི་རང་རྒྱལ་གྱི་གཞི་རྩའི་ཆུའི་གནས་ཚུལ་ཡིན་པ་དང་། དེའི་ཁར་དམིགས་བསལ་ཐན་ཞོད་ཀྱི་གནོད་འཚེ་མང་དུ་འགྲོ་བའི་མངོན་གསལ་དོད་པའི་རྣམ་པ་ལས་རྒྱལ་ཁབ་ཀྱི་ཆུའི་དྲ་བ་བསྐྲུན་རྒྱུར་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། དེ་དང་ཆབས་ཅིག་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ལ་མཉམ་སྦྲེལ་མཉམ་མཐུད་དང་མཉམ་སྒྲུབ་མཉམ་འདྲེས་མི་འདང་བ་དང་ཆུ་བེད་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་སོགས་ཀྱི་ཞན་ཆ་ཡོད་པས། སླད་ཕྱིན་ངེས་པར་དུ་རྨང་གཞི་བརྟན་དུ་གཏོང་བ་དང་། ཞན་ཆ་གསབ་པ། ལེགས་ཆ་འདོན་སྤེལ་བཅས་བྱས་ནས་སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། མཉེན་ཆ་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་ཆུའི་དྲ་བ་གཏོད་དགོས།
དེང་རབས་ཅན་གྱི་ཆུའི་དྲ་བ་ཚགས་དམ་དུ་གཏོང་བར་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་རྒྱག་དགོས།
“ཆུ་བེད་སྡེ་ཚན་གྱིས་དཀའ་གནད་དང་འགག་གནད་ལ་དམིགས་ཏེ། དྲ་སྦྲེལ་དང་། དྲ་གསབ། བཟང་སྤེལ་བཅས་གཙོ་གནད་དུ་བཟུང་སྟེ། དགོས་མཁོ་དངོས་འབྲེལ་ཡོད་པ་དང་། སྐྱེ་ཁམས་བདེ་འཇགས། རྒྱུན་མཐུད་ཆོག་པ་བཅས་ཀྱི་གཙོ་གནད་ཆུ་བེད་ལས་གྲྭའི་རིགས་པས་ཁུངས་སྐྱེལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཆུའི་དྲ་བའི་ལས་གྲྭའི་བཀོད་པ་དང་། གྲུབ་ཆ། བྱེད་ནུས། མ་ལག་འདུས་གྲུབ་བཅས་ལེགས་སུ་བཏང་སྟེ། ཆུའི་དྲ་བའི་སྤྱི་ཡོངས་ཀྱི་ནུས་ཕྱོད་གང་ལེགས་འདོན་གྱི་ཡིན”ཞེས་ཝང་ཅིའུ་ཏ་ཡིས་ངོ་སྤྲོད་བྱས་པ་རེད།
དེང་རབས་ཅན་གྱི་ཆུའི་དྲ་བ་ཚགས་ཇེ་དམ་དུ་གཏོང་བར་ཆུ་བེད་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས།
ཆུ་བེད་སྡེ་ཚན་གྱིས“ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ”མཐའ་འཁྱོངས་བྱས་ཏེ། མ་འཇོག་འཛུགས་སྐྲུན་དང་གཉེར་སྐྱོང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་དོ་དམ་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ཐབས་ལམ་མང་པོ་བརྒྱུད་འཛུགས་སྐྲུན་མ་དངུལ་གྲབས་གསོག་བྱེད་པ། སྤྱི་ཚོགས་ཀྱི་མ་རྩས་རྐང་དབང་མཉམ་ལས་དང་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ། ཆུའི་དྲ་བའི་རྣམ་གྲངས་འཛུགས་སྐྲུན་གཉེར་སྐྱོང་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད། གཞན་ཡང་ད་དུང་ཆུའི་བེད་སྤྱོད་དབང་ཆ་ཁྲོམ་ར་ཅན་གྱི་ཉོ་ཚོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཆུའི་དྲ་བའི་འཁོར་སྐྱོད་ལས་ཕྱོད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།
དེང་རབས་ཅན་གྱི་ཆུའི་དྲ་བ་ཚགས་དམ་དུ་གཏོང་བར་གྲངས་འཛིན་གྱི་མཐུན་རྐྱེན་སྦྱོར་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།
“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་སུ། ཆུ་བེད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་གྱི་ཤེས་ཚོར་དང་། གྲངས་རིག་དཔེ་དབྱིབས་འཛུགས་སྐྲུན། ལས་སྒོ་བཀོལ་སྤྱོད་སོགས་ཐད་ཀྱི་ལས་དོན་གཙོ་གནད་དུ་ཇུས་འགོད་བྱས་ཏེ། གྲངས་འཛིན་མཚེ་མ་འབབ་རྒྱུད་དང་། གྲངས་འཛིན་མཚེ་མའི་ཆུ་དྲ། གྲངས་འཛིན་མཚེ་མའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ཁག་ཐེངས་གསུམ་གྱི་ཞིང་ཆེན་རིམ་པའི་ཆུའི་དྲ་བ་སྔོན་ཁྲིད་ཁུལ་14སྒྲིག་འཛུགས་བྱས་ནས། གྲངས་འཛིན་མཚེ་མའི་ཆུའི་དྲ་བ་སྔོན་དུ་སྒྲུབ་པ་དང་སྔོན་དུ་ཚོད་ལྟའི་ལས་དོན་སྤེལ་ཡོད་པ་རེད།
དེང་རབས་ཅན་གྱི་ཆུའི་དྲ་བ་ཚགས་དམ་དུ་གཏོང་བའི་མཐའ་མའི་དམིགས་ཡུལ་ནི་དམངས་ལ་ཕན་པ་འདོགས་རྒྱུ་དེ་རེད།
“ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་ནས། ཆུ་བེད་སྡེ་ཚན་གྱིས་ཕྱོགས་གཅིག་ནས་ཡུག་འབྲེལ་གྲོང་ཁྱེར་གལ་ཆེན་དང་། ནུས་རྒྱུའི་རྟེན་གཞི། འབྲུ་རིགས་ཐོན་ཁུལ་གཙོ་བོ། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་བཅས་ཀྱི་ཆུའི་ཐོན་ཁུངས་ཀྱི་དགོས་མཁོར་དམིགས་པ་དང་། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཀྱི་ཆུའི་དྲ་བ་དང་ཞིང་ཆེན་རིམ་པ་དང་། གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་ཀྱི་ཆུའི་དྲ་བ་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་སྟེ། “མཐའ་མའི་འགག་གནད” རྒྱུན་ཆད་མེད་པར་ཤར་གཏོང་དང་། ཆུའི་དྲ་བ་ཆུ་བོ་འབྲིང་ཆུང་དང་། ཆུ་འདྲེན་ཁུལ་འབྲིང་ཆུང་། ཤང་དང་གྲོང་རྡལ་དང་གྲོང་ཚོ་སོགས་སུ་ཁྱབ་པ། སྤུས་ཚད་མཐོ་བའི་ཆུ་བེད་ཀྱི་སྤྱི་པའི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ་རེད།