རང་རྒྱལ་གྱིས་སྤུས་ཚད་མཐོ་བའི་གྲངས་གཞིའི་ཕྱོགས་བསྒྲིགས་ བཟོ་བའི་སྤྱི་འབོར་500PBལྷག་ཙམ་ཟིན་པ།
སྤེལ་དུས 2025-12-08
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
གསར་འགོད་པས་རྒྱལ་ཁབ་གྲངས་གཞི་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་9པའི་ཟླ་མཇུག་བར། རང་རྒྱལ་གྱིས་སྤུས་ཚད་མཐོ་བའི་གྲངས་གཞིའི་ཕྱོགས་བསྒྲིགས་བཟོས་པའི་སྤྱི་འབོར་500PB(རྩིས་འཁོར་གྱི་རྩིས་གཞིའི་གསོག་འཇོག་ཤོང་ཚད)ལྷག་ཙམ་ཟིན་པ་དང་། གྲངས་གཞིའི་ཟུར་མཆན་བཀོད་པའི་རྟེན་གཞི་7གྱིས་ཟུར་མཆན་བཀོད་པའི་ཁེ་ལས་362ནང་འདྲེན་དང་སྐྱེད་སྲིང་བྱས་པ་དང་། ཟུར་མཆན་འགོད་མཁན་མི་ཁྲི་8.5ཟིན་པ། གྲངས་གཞིའི་ཟུར་མཆན་བཀོད་པའི་འབྲེལ་ཡོད་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་163ཟིན་པར་སྐུལ་ཁྲིད་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་སྡེ་ཚན་26དང་མཉམ་འབྲེལ་ཐོག་སྲིད་ཇུས་ཀྱི་ཡིག་ཆ་བཟོས་པ་དང་། ཉེར་སྤྱོད་ཕྱོགས་སྟོན་དུ་བྱས་ནས་ལས་རིགས་ཁག་གི་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་གྲངས་གཞིའི་ཕྱོགས་བསྒྲིགས་བཟོ་བར་སྐུལ་འདེད་བཏང་བ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ལས་འགན་ཁག་140བཀོད་སྒྲིག་བྱས་པ། སྤུས་ཚད་མཐོ་བའི་གྲངས་གཞིའི་ཕྱོགས་བསྒྲིགས་བཟོ་བའི་ཕྱོགས་སྟོན་དང་ཞིབ་དཔྱད་ཚད་ལེན་བྱ་ཐབས་སོགས་ལག་རྩལ་གྱི་ཡིག་ཆ་ཁག་5སྒྲིག་འཛུགས་བྱས་ནས་གཏན་འཁེལ་བྱས་པ་རེད།