ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་དུས་བཅད་ཁྲོམ་རར་རིམ་རྩིས་བརྒྱབ་ན་ཚོང་འགྲིག་དངུལ་འབོར་དུས་མཚུངས་ལས་20%ལྷག་ཙམ་འཕར་བ།

སྤེལ་དུས 2025-12-10 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཀྲུང་གོའི་དུས་བཅད་ཁྲོམ་ར་ལས་རིགས་མཐུན་ཚོགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་དུས་བཅད་ཁྲོམ་རར་རིམ་རྩིས་བརྒྱབ་ན་ཚོང་འགྲིག་ཚད་དུང་ཕྱུར་81.17ཟིན་པ་དང་། རིམ་རྩིས་བརྒྱབ་ན། ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་ཁྲི་675.45ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་14.74%དང་20.19%འཕར་ཡོད།
  ད་ལོ་ནས་བཟུང་། དུས་བཅད་ཁྲོམ་རས་རིན་གོང་ཁ་གསལ་དང་ཉེན་ཁ་འགོག་ཟོན་བྱེད་པ་བརྒྱུད། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་ཆེ་རུ་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བར་མུ་མཐུད་འདེགས་སྐྱོར་བྱས་ཏེ། དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་རེད།
  2025ལོའི་ཟླ་11པའི་ཟླ་མཇུག་བར། རང་རྒྱལ་དུ་ཁྱོན་དུས་བཅད་ཚོང་ཟོག་གི་དུས་དབང་རིགས་164ཁྲོམ་རར་བཏོན་པ་རེད།