ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཏ་ཤིང་གནམ་ཐང་གི་ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་5000ལས་ཐོག་མར་བརྒལ་བ།

སྤེལ་དུས 2025-12-10 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཏ་ཤིང་གནམ་ཐང་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་ཡིན་པ།
  གསར་འགོད་པས་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་ནས་ཤེས་རྟོགས་བྱས་པར། ཟླ་12ཚེས་6ཉིན་བར། ཏ་ཤིང་གནམ་ཐང་གིས་ད་ལོ་རིམ་རྩིས་བརྒྱབ་ན། དུས་གཏན་གནམ་གྲུ་ཐེངས་ཁྲི་32.25ཡི་འཕུར་སྐྱོད་འགན་ལེན་བྱས་པ་དང་། འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་5008.34སྐྱེལ་བསུ་བྱས་པ་དེ་2024ལོའི་དུས་མཚུངས་ལས་ཁག་སོ་སོར་6.31%དང་8.41%འཕར་ཡོད། སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན། ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་5000ལས་ཐོག་མར་བརྒལ་ཡོད།