ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ས་པེ་ཅིང་དུ་དཔྱིད་གསར་དུས་ཆེན་གྱི་གཟིགས་ལྗོངས་བཀོད་སྒྲིག་ཟིན་པ།

སྤེལ་དུས 2026-02-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། རྒྱལ་ས་པེ་ཅིང་གིས“རྟ་མཆོག་གིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ། པེ་ཅིང་དུ་ཀྲུང་གོའི་ལོ་གསར་དགའ་གཏོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཐོག སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་དེང་རབས་མཛེས་རིག་དང་ཚན་རྩལ་ཐབས་ལམ་དང་ཟུང་འབྲེལ་གྱིས་རྒྱལ་སའི་ཉམས་འགྱུར་དང་། གནའ་གྲོང་གི་ཉམས་འགྱུར། དུས་རབས་ཀྱི་ཉམས་འགྱུར་བཅས་ལྡན་པའི་དུས་ཆེན་གྱི་གཟིགས་ལྗོངས་ཕྱོགས་ཡོངས་ནས་བཏོད་ཡོད། མིག་སྔར། གྲོང་ཁྱེར་ཡོངས་སུ་གཟིགས་ལྗོངས་བཀོད་སྒྲིག་བྱས་ཟིན་པ་རེད།
  ད་ཐེངས་ཀྱི་དཔྱིད་གསར་དུས་ཆེན་གྱི་གཟིགས་ལྗོངས་བཀོད་སྒྲིག་བྱེད་རིང་གཙོ་བོ་ལྒང་བཞུ་དང་། འཁྲབ་ཚན་ཐུང་ངུ། མཚན་ལྗོངས་ཀྱི་གློག་སྒྲོན། ལོ་རྟགས་རྟ་མཆོག དཔྱིད་གསར་ཆ་ཡིག་སོགས་བཀོད་སྒྲིག་རྣམ་པ་ཁག་10སྤྱད་དེ་ཕྱོགས་ཡོངས་ནས་དཔྱིད་གསར་དུས་ཆེན་གྱི་དགའ་སྟོན་རྟེན་འབྲེལ་རྣམ་པ་མངོན་པར་བྱས་ཡོད།