ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2025ལོའི་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་6.7%འཕར་བ།

སྤེལ་དུས 2026-02-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཚོང་དོན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོར། གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་དང་ཞིང་ལས་ཐོན་རྫས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་3དང་དུང་ཕྱུར་7833.1སོ་སོར་ཟིན་པ་དེ་དུས་མཚུངས་ལས་6.7%དང་9.9%སོ་སོར་འཕར་ཡོད་པ་རེད།
  ཚོང་ཟོག་དང་ཞབས་ཞུ་འཛད་སྤྱོད་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། 2025ལོར། རྫོང་ཁོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་ལག་ཐོགས་ཁ་པར་སོགས་གསར་པ་ཉོ་སྐབས་ཁ་གསབ་སྤྲད་པས་ཚོང་ཟོག་ཁྲི་4823བཙོངས་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1586ཟིན་ཡོད། ཕྱོགས་གསུམ་པའི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། དུས་མཚུངས་སུ་རྫོང་ཁོངས་ཞབས་ཞུ་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་9.1ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ཡོད་པ་རེད།
  གྲོང་གསེབ་ཀྱི་དྲ་ཚོང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། 2025ལོར། མགོ་གནས་དྲ་ཚོང་ལས་སྟེགས་ཀྱིས་ལོ་འཁོར་མོར་ཞིང་སྐྱོར་ཐད་གཏོང་ཐེངས་ཁྲི་400ལྷག་ཙམ་བྱས་པ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་བྲིན་ཚོང་བྱས་པའི་མངགས་ཐོ་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་པ། ཉིན་རེར་དངོས་ཟོག་བསྐུར་ཚད་ཁྲི་2000ལྷག་ཙམ་ཟིན་ཡོད།