ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

འདི་ལོ་ཧའེ་ནན་གྱིས་གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་ཁག་393འཆར་འགོད་བྱ་རྒྱུ་ཡིན་པ།

སྤེལ་དུས 2026-02-11 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཧའེ་ནན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་དང་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་11གིས་མཉམ་འབྲེལ་ཐོག《ཧའེ་ནན་ཞིང་ཆེན་གྱི་གྲོང་ཁྱེར་གསར་སྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི》བཀྲམ་པ་དང་ལས་འགན་གཙོ་བོ་མང་པོ་བཀོད་སྒྲིག་བྱས་ཏེ་ཧའེ་ནན་གྲོང་ཁྱེར་གསར་སྒྱུར་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
  ཇུས་གཞི་གཞིར་བཟུང་། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་ཧའེ་ནན་གྱི་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་ཐོག་མའི་ཕན་འབྲས་ཐོན་ནས་གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་ཡུག་ཁུལ་གྱི་དཔེ་མཚོན་20དང་གསོན་ཤུགས་ལྡན་པའི་ཁྲོམ་གཞུང་5ཡན་སྐྲུན་གང་ཐུབ་བྱ་རྒྱུ་ཡིན་པ་རེད། 2030ལོར་སླེབས་སྐབས་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལག་བསྟར་བྱེད་པར་ཕན་འབྲས་གལ་ཆེན་ཐོན་ནས་རྒྱུན་མཐུད་ཆོག་པའི་གསར་སྒྱུར་བྱེད་སྟངས་དང་སྲིད་ཇུས་ཁྲིམས་སྲོལ་སྤྱིར་ན་ཆགས་རྒྱུ་ཡིན།
  2026ལོར། ཧའེ་ནན་གྱིས་གྲོང་ཁྱེར་གསར་བརྗེས་རྣམ་གྲངས་ཁྱོན་393འཆར་འགོད་བྱས་པའི་ནང་ཡུག་ཁུལ་གསར་བརྗེས་རྣམ་གྲངས་61ཡོད་པ་རེད། ཧའེ་ཁོའུ་དང་། སན་ཡཱ། ཏན་ཀྲོའུ་བཅས་ས་ཁུལ་རིམ་པའི་གྲོང་ཁྱེར་གསུམ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པའི་རྨང་གཞིའི་ཐོག་ད་ལོ་མུ་མཐུད་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་གྲོང་འཛུགས་གྲོང་ཁྱེར་ཡོངས་ལ་ཁྱབ་པ་བྱ་རྒྱུ་དང་དུས་མཚུངས་གྲོང་ཁྱེར་གསར་སྒྱུར་འཆར་འགོད་མགྱོགས་མྱུར་བཟོས་ནས་གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་གཏོང་བ་དང་འབྲེལ་ཡོད་དམངས་འཚོའི་འདུ་འགོད་སྤྱི་འདོམས་ལག་བསྟར་ཡག་པོ་བྱ་རྒྱུ་ཡིན།