ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

AIམི་ཐབས་རིག་ནུས་དེ་ཐོན་ལས་དང་འཚོ་བའི་འདེགས་སྐྱོར་དུ་གྱུར་བ།

སྤེལ་དུས 2026-03-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             ད་ལོ་ནི་ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཚུགས་ལོ་ཡིན་པས། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དུ་རིག་ནུས་ཀྱི་ཐོག་མའི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱས་ནས་རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བཏོན་ཡོད། མིག་སྔར། མི་ཐབས་རིག་ནུས་ཀྱིས་སྲོལ་རྒྱུན་གྱི་རྣམ་པར་འགྱུར་ལྡོག་བཏང་སྟེ་གང་དེ་ཐོན་ལས་དང་འཚོ་བའི“དམའ་རིམ་གྱི་འདེགས་སྐྱོར”དུ་གྱུར་ཡོད།


            པེ་ཅིང་དུ་མི་ཐབས་རིག་ནུས་དང་ཞིང་འཕྲུལ་མཉམ་འདྲེས་གཏིང་ཟབ་ཐུབ་པའི“ཆུང་ཞིང་སྤུས་ཀ་ལེགས་པའི”ཞིང་འཕྲུལ་གསར་པ་དེ་མི་མེད་ལས་སྒྲུབ་ནས་ཚོགས་སྤྱིའི་རིག་ནུས་བར་མཆོང་བརྒལ་བྱུང་ཡོད། ཧའེ་ཏེན་མེ་ཏོག་ཞིང་ནང་དུ་རིག་ནུས་འདྲུད་འཐེན་འཕྲུལ་འཁོར་གྱིས་འདེབས་འཛུགས་གནད་ལ་འཁེལ་བར་བྱས་ནས།  ཧེ་བག་ཤོར་ཚད་ལི་སྨིད་ནང་ཚོད་འཛིན་ཐུབ་པ་དང་། སོན་འདེབས་དུས་ཚོད་དང་གཏིང་ཚད་གཉིས་རང་བདག་བརྡར་ཤ་གཅོད་ཐུབ་པར་མ་ཟད། ད་དུང་རྒྱུ་ཆ་དབོར་འདྲེན་གྱི་འཕྲུལ་མི་དང་མཉམ་དུ་རྒྱུ་ཆ་གསབ་སྣོན་བྱེད་ཐུབ་ཀྱི་ཡོད། འབྲེལ་ཡོད་ཐོན་རྫས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་ཅིང་། ཁེ་ལས་ལAIམི་ཐབས་རིག་ནུས་དང་ཞིང་ལས་ཀྱི་ཤེས་རྩལ་འཛོམས་པའི་མི་སྣའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པས། ཧའེ་ཏན་ཆུས་ཧྲང་ཏི་སྲང་ལམ་གྱིས་ཀྱངAIམི་ཐབས་རིག་ནུས་ཁེ་ལས་ཀྱིས་ལོ་འདིའི་སློབ་ཐོན་སློབ་མར་ཁང་གླའི་ཁ་གསབ་སྤྲད་དེ་མི་ཐབས་རིག་ནུས་བཀོལ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ཡོད།

            མི་ཐབས་རིག་ནུས་ཀྱིས་ཀྱང“མི་གཅིག་ཀུང་སིའི”རྣམ་པ་གསར་པ་སྟེ། མི་གཅིག་གིསAIམི་ཐབས་རིག་ནུས་ལ་བརྟེན་ནས་རང་རྐྱ་འཕེར་བའི་ངང་བརྒྱུད་རིམ་ཧྲིལ་པོའི་ལས་གཏོད་ལེགས་འགྲུབ་བྱེད་ཀྱི་ཡོད། ཧང་ཀྲོའུ་ཡི་གཞོན་སྐྱེས་ཚོསAIམི་ཐབས་རིག་ནུས་གསར་སྤེལ་ལ་བརྟེན་ནས་སྤྱོད་གོ་མང་བའི་ཉེར་སྤྱོད་ལས་སྣེ་གསར་སྤེལ་བྱས་པ་དང་། ས་གནས་དེ་གས་ཀྱང་ཆེད་དོན་མ་དངུལ་བཏང་ནས་ལས་གཏོད་གྲོང་གཏོད་རོགས་བྱས་ཡོད། ཁྲེང་ཏུའུ་དང་སུའུ་ཀྲོའུ། ཧྲེན་ཀྲེན། ཆིང་ཏའོ་སོགས་གྲོང་ཁྱེར་བཅུ་ལྷག་ཙམ་གྱིས་རང་ངོས་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཐོན་ཁུངས་སྦྲེལ་མཐུད་དང་། ལས་གཏོད་རོགས་སྐྱོར། རྩིས་ནུས་རྒྱབ་སྐྱོར་སོགས་ཀྱི་སྲིད་ཇུས་བཏོན་ནས“མི་གཅིག་ཀུང་སིའི”སྡེ་ཁུལ་བཀོད་སྒྲིག་བྱས་ཡོད།

            གཞན་ཡང་མི་ཐབས་རིག་ནུས་ཀྱིས་གྲངས་གཞིའི་ནང་དོན་གསར་རྩོམ་ཁྱབ་ཁོངས་སུAIམི་ཐབས་རིག་ནུས་བཀོལ་སྤྱོད་མཁས་པ་དང་། AIའགུལ་རིས་མཁས་ཅན་སོགས་ཀྱི་ལས་རིགས་གསར་པ་འབྱུང་རྒྱུར་སྐུལ་འདེད་བཏང་ཡོད། AIམི་ཐབས་རིག་ནུས་བཀོལ་སྤྱོད་མཁས་པས་ལེགས་གྲུབ་བྱུང་བའི་ནང་དོན་ཁྲོད་ནས་ཚད་ལོན་བརྩམས་ཆོས་ལེགས་འདེམས་དང་ལེགས་བཅོས་གཏོང་བའི་འགན་འཁུར་གྱི་ཡོད་པས་འབྲེལ་ཡོད་ཤེས་ལྡན་པར་ཧབ་ཐོབ་རྒྱག་གི་ཡོད། ཀྲེ་ཅང་ཏེ་ཆིང་གིAIམི་ཐབས་རིག་ནུས་ཀྱི་དུས་ཐེངས་ཁག་གི་འབྲེལ་ཡོད་གསོ་སྦྱོང་ཚང་མ་བཀོད་སྒྲིག་བྱས་ཟིན་པས། ཁེ་ལས་ཀྱིས་ཡུལ་དངོས་སུ་འབྲེལ་ཡོད་ཤེས་ལྡན་པར་ཧབ་ཐོབ་རྒྱག་པ་དང་། ས་གནས་དེ་གས་ཤེས་ལྡན་མི་སྣ་སྟོང་ཕྲག་ཁ་ཤས་གསོ་སྦྱོང་བྱས་པ་དང་ཁེ་ལས་བཅུ་ལྷག་དེ་གར་འཛུགས་གཏོད་བྱས་ནས།  AIམི་ཐབས་རིག་ནུས་ཀྱི་གློག་བརྙན་བརྙན་འཕྲིན་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ལོ་གསུམ་བསྟུད་མར་ལྡབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། རིག་གྲོལ།