ཏིང་ཞུའེ་མེ་ནི་ཀོང་ཏུང་ཞིང་ཆེན་ཅང་མོན་གྲོང་ཁྱེར་ཁོ་ཧེང་དངོས་ལས་མ་རྐང་ཚད་ཡོད་ཀུང་སིའི་ལིས་གློག་རྒྱུ་ཆ་ལས་དོན་པུའི་ཞིབ་འཇུག་གསར་སྤེལ་བཟོ་སྐྲུན་པ་བསླབ་པ་རྒན་གྲས་ཤིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གནང་རིང་། ཁོང་གིས“ངེས་པར་དུ་དུས་ཚོད་དེ་བས་མང་བ་སྤྱད་དེ་གཞི་རིམ་དུ་ཟབ་འཇུག་དང་། ཚོད་ལྟ་ཁང་ནས་ཐོན་པ། མང་ཚོགས་ཁྲོད་སྐྱོད་པ་བཅས་བྱེད་དགོས”ཞེས་གསུངས།
ཁོང་ལས་ཀ་བྱེད་སའི་ཅང་མོན་གྲོང་ཁྱེར་ཅང་ཧའེ་ཆུས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཅང་ཧའེ་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་གནས་ཡུལ་ཡིན་པས། ལོ་ལྟར་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་ཁག་གཅིག་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་ཀྱི་ཡོད། ཁོང་གིས་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་ཡོད།
ད་ལོའི་ཟླ་དང་པོར། ཅང་ཧའེ་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱིས་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འཆར་ཟིན་སོགས་བཅའ་ཁྲིམས་ཐད་བསམ་འཆར་བསྡུ་ལེན་གནང་བ་རེད། ཏིང་ཞུའེ་མེ་ཡིས“རྣམ་གྲངས་རེ་ཞུ་དང་ཚད་གཞི་བཟོ་བ་སོགས་ཐད་དམངས་གཉེར་དཔལ་འབྱོར་རྩ་འཛུཌ་ལ་ཁེ་ལས་གཞན་དག་དང་འདྲ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་འགན་ལེན་བྱེད་པའི་ནང་དོན་གཅིག་གསར་དུ་སྣོན་དགོས་པའི”གྲོས་འགོ་གཟབ་ནན་ངང་བཏོན་གནང་ཡོད།
ཁོང་གིས་དམངས་གཉེར་ཁེ་ལས་ལ་ཚན་རིག་ཞིབ་འཇུག་རྣམ་གྲངས་རེ་ཞུའི་ཐད་ད་དུང་ཞན་ཆ་མི་ཉུང་བ་ཡོད་པ་དང་དཔྱད་ཞིབ་ཚན་པ་ཁག་གཅིག་གིས་རེ་ཞུའི་ཁེ་ལས་ཀྱི་ངོ་བོ་དང་གཞི་ཁྱོན་ལ་གཞིགས་ནས་བཟང་ཞན་ལ་ལྟ་བའི་གོམས་གཤིས་འཇགས་ཡོད་པས། རྣམ་གྲངས་རང་ངོས་ཀྱི་དགོས་མཁོར་གཞིགས་ནས་བརྡར་ཤ་གཅོད་ཀྱི་མེད། དེས་ན་དམངས་གཉེར་ཁེ་ལས་ཁག་གཅིག་ལ་གྱོང་གུན་ཕོག་པའི་སྣང་བ་ཡོང་གི་ཡོད།
ཏིང་ཞུའེ་མེ་ཡིས་ནང་དོན་འདི་ཁ་སྣོན་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་སྔར་ལས་ལེགས་པོ་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་གསར་གཏོད་ཀྱི་གསོན་ཤུཌ་འཕེལ་བར་བྱེད་པའི་གྲོས་འགོ་འདོན་གྱི་ཡིན”ཞེས་གསུངས།
རྩོམ་སྒྲིག་པ། རིག་གྲོལ།