ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཡུན་ནན་དུ་གནང་བའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས 2025-03-24 ཡོང་ཁུངས། རྩོམ་པ་པོ།
     ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ བསམ་བློར་བཅིངས་འགྲོལ་དང་བསྒྱུར་བཅོས་གསར་གཏོད། འབད་འཐབ་ཡར་བརྩོན་དང་དམ་པ་དོན་གཉེར་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
     ཡུན་ནན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་། ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་གཞི་རྣམ་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིས་ཡུན་ནན་ལ་ཇུས་འགོད་གནང་བའི་མཛེས་སྡུག་ལྡན་པའི་འཆར་འགོད་དེ་གོམ་པ་རེ་རེ་བཞིན་དོན་དངོས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཡུན་ནན་གྱི་མེ་ཏོག་ཐོན་ལས་ལ་མདུན་ལམ་རྒྱ་ཆེན་པོ་ཡོད། ལི་ཅང་དེང་རབས་མེ་ཏོག་ཐོན་ལས་གླིང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཡུན་ནན་མེ་ཏོག་ཐོན་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པས། ཐོན་ལས་སྦྲེལ་ཐག་ཡོངས་ལ་དམིགས་ནས། ས་བོན་ལས་རིགས་དང་འདེབས་འཛུགས། ཁྲོམ་ར་བཅས་ཕྱོགས་ཁག་གི་ལས་དོན་ཟམ་མི་ཆད་པར་ཞིབ་ཚགས་སུ་བཏང་ནས། “མཛེས་ལྡན་ཐོན་ལས”དེ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི“བདེ་སྐྱིད་ཐོན་ལས”ཤིག་ཏུ་འགྱུར་བ་བྱ་དགོས་ཞེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ལི་ཆང་དེང་རབས་ཅན་གྱི་མེ་ཏོག་ཐོན་ལས་གླིང་གི་ལག་རྩལ་འགན་ཁུར་བ་དབྱང་ཅ་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།
     དབྱང་ཅ་ཡིས། འབྱུང་འགྱུར་ང་ཚོས་ཡུན་ནན་ཞིང་ཆེན་གྱི་རང་བདག་ཤེས་བྱའི་ཐོན་དབང་གི་སྣ་རིགས་དེ་བས་མང་བ་ཞིབ་བཟོ་བྱས་ནས། ཁྲོམ་རའི་ཐོག་དེ་བས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱ་རྒྱུ་ཡིན། ཚན་རྩལ་གསར་གཏོད་དང་ཟུང་འབྲེལ་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཡུན་ནན་གྱི་མེ་ཏོག“འཛམ་གླིང་ཡོངས་ཀྱི་ཨང་དང་པོར”འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 
     ལི་ཅང་གནའ་གྲོང་ལ་ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ལི་ཅང་གནའ་གྲོང་དུ་རྟོག་ཞིབ་གནང་སྐབས་ས་གནས་དེ་གས་སྲུང་སྐྱོང་དང་གོང་འཕེལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་གནའ་གྲོང་དེའི་འོད་སྣང་གསར་པ་འཚེར་དུ་འཇུག་དགོས་པའི་བླང་བྱ་བཏོན་གནང་ཡོད། ལི་ཅང་གྲོང་ཁྱེར་གནའ་གྲོང་ཆུས་ཀྱི་ཆུས་ཀྲང་ཨ་ཧུའེ་ཡིས། གནའ་གྲོང་ཆུས་ཀྱིས་ལོ་རྒྱུས་ཀྱི་བཟོ་བཀོད་དང་། མི་རིགས་རིག་གནས། མངོན་མེད་རིག་གནས་ཤུལ་བཞག་རྣམ་གྲངས་བཅས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་མུ་མཐུད་ཡག་པོ་སྒྲུབ་ནས། ལི་ཅང་གནའ་གྲོང་གི་ལོ་རྒྱུས་གྲུབ་ཆ་ཆ་ཚང་གནས་ཐུབ་པ་མ་ཟད། གོང་འཕེལ་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ལ་སྐྱེ་སྟོབས་གསར་པ་མངོན་དུ་འཇུག་རྒྱུ་ཡིན་ཞེས་གསུངས་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་གནང་སྐབས། ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་མཐོའི་གོང་འཕེལ་གྱི་གཙོ་གནད་ལས་དོན་ཞིག་རེད་ཅེས་བསྟན་གནང་ཡོད། ཡུན་ནན་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་མིང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལག་ལེན་ནན་པོ་བསྟར་ནས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན། ཞིབ་བསྡུར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ཁུངས་དཔལ་འབྱོར་དང་། གླིང་ཁུལ་དཔལ་འབྱོར། འགག་སྒོའི་དཔལ་འབྱོར་བཅས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། ལྗང་མདོག་ཧ་ཡང་དང་། སྭེལ་འོད་ཧྥུན། ནུས་རྒྱུ་གསར་པའི་གློག་རྫས་བཅས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཡུན་ནན་ལ་ས་བབ་ཀྱི་ཆ་རྐྱེན་དམིགས་བསལ་ཡོད་པས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཨ་ཤེ་ཡ་ལྷོ་མ་དང་ཨ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་གོ(ཡུན་ནན)རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ཁུན་མིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁུང་ཞང་དབྱིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་གོང་འཕེལ་དམིགས་ཚད་གསལ་སྟོན་གནང་ཡོད་པ་དང་གོང་འཕེལ་གྱི་སྒུལ་ཤུགས་བསྣན་ཡོད། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། ཤར་རྒྱུད་ཀྱི་ཐོན་ལས་སྤོ་སྒྱུར་དང་ལེན་དང་། ཧྲང་ཧའེ་དང་ཡུན་ནན་གྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བཅས་ལ་དམིགས་ཏེ། རྒྱལ་མཚམས་བརྒལ་བའི་ཟོག་འགྲེམས་ཀྱི“དུས་བཟང་བར་ཁྱམས”བསྐྲུན་ཐོག ཕྱོགས་གཉིས་ཟོག་འགྲེམས་མ་ལག་གཏོད་པ་དང་རང་མོས་ཉོ་ཚོང་ཁུལ་གྱི“ཚོད་ལྟའི་ཞིང་རྒྱུ”དེ“ཐོན་ཚད་མཐོ་བའི་ཞིང་རྒྱུར”བསྒྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཏང་གི་འགོ་ཁྲིད་ནི་བྱ་གཞག་གོང་འཕེལ་གྱི་རྩ་བའི་འགན་ལེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ས་གནས་ཤིག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་པོ་ཡིན་མིན་ལ་བལྟ་དགོས་ན། ཕྱོགས་གལ་ཆེན་ཞིག་ནི་ཆབ་སྲིད་ཀྱི་འབྱུང་ཁམས་བཟང་མིན་ལ་བལྟ་དགོསཞེས་བསྟན་གནང་ཡོད། ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ཀྲེན་ཞུང་རྫོང་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ལི་ཡིས། ང་ཚོའི་གླིང་ཁུལ་གྱི་ངོས་ནས་བརྗོད་ཚེ། མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་ཏེ། ཏང་འཛུགས་སྐྱོང་ཐོག་གླིང་ཁུལ་དང་ཁེ་ལས། འཁོར་ཁང་བཅས་སྣོན་པའི་ཏང་འཛུགས་སྐྱོང་གི་མ་དཔེ་བཙུགས་ནས། མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་པ་དང་ཁྱིམ་ཚང་ལ་ལྟ་སྐྱོང་བྱེད་པ་གཉིས་ཀ་མི་འཕྱུགས་པ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད་པས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་སློབ་སྦྱོང་སློབ་གསོའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་སྟེ། གནད་དོན་ཞིབ་བཤེར་ཐག་གཅོད་དང་གཅིག་བསྡུས་བཅོས་སྐྱོང་བྱ་ཆེད་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་ཞེས་བསྟན་གནང་ཡོད། ཡུན་ནན་མོ་ཧན་མཐའ་མཚམས་ཞིབ་ཤེར་ས་ཚིགས་ཆབ་སྲིད་ཁྲུའི་ཀྲུའུ་རེན་ཀྲང་ཞའོ་ཕེང་གིས། ཀྲུང་གོ་དང་ལོ་སིའི་མཐའ་མཚམས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་བརྟན་སྲུང་བྱེད་པའི་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས། སྒྲིག་ཁྲིམས་སྒྲིག་སྲོལ་སྔར་བས་ནན་སྲུང་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་ལག་ལེན་གཏིང་ཟབ་བསྟར་ཏེ། སྤྱོད་བཟང་ཚུལ་ལྡན་དང་བསྒྱུར་བཅོས་འགག་སྒྲོལ་གྱི་གནས་སྤོས་དོ་དམ་དཔུང་ཁག་ཅིག་འཛུགས་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཡུན་ནན་ཞིང་ཆེན་ཏང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཡུན་སུང་གིས། ང་ཚོས་མཐའ་གཅིག་ཏུ་ནན་སྲུང་དང་། དོན་དངོས་དང་ཞིབ་ཕྲར་དམ་འཛིན། སྤྱོད་ཡན་ཡོ་བསྲང་དང་སྤྱོད་གསར་འཛུགས་པ་མཉམ་སྤེལ། ཡུན་རིང་དམ་འཛིན་གྱིས་ལྷོད་གཡེང་མི་གཏོང་བ། རྩ་ལག་མཉམ་བཅོས། ཕན་འབྲས་ཐོན་པ་བཅས་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་དང་། ཞིབ་བཤེར། བསྒྱུར་བཅོས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ཧུར་ཐག་བྱེད་པ་བཅས་ཀྱིས་རྒྱ་ཆེའི་ཏང་ཡོན་མང་ཚོགས་ལ་སློབ་སྦྱོང་དང་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་དངོས་སུ་ཚོར་དུ་འཇུག་རྒྱུ་ཡིན་ཞེས་གསུངས་པ་རེད།