ཞི་ཅིན་ཕིང་གིས་འབར་མའི་འགོ་ཁྲིད་པར་འཚམས་འདྲིའི་གློག་འཕྲིན་བཏང་བ།
སྤེལ་དུས 2025-04-01
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་3ཚེས་29ཉིན་འབར་མར་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཐད་འབར་མའི་འགོ་ཁྲིད་པ་རྨིན་ཨང་ལའེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་ཡོད།
ཞི་ཅིན་ཕིང་གིས། འབར་མར་ས་ཡོམ་གྱི་གནོད་འཚེ་དྲག་པོ་ཕོག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་། ང་རང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་དང་རྨས་སྐྱོན་ཕོག་མཁན། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་དང་འབར་མ་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བརྩེ་བ་ཟབ་མོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་ལ་དགོས་ངེས་ཀྱི་རོགས་རམ་བྱས་ནས་གནོད་འཚེ་ཁུལ་མི་དམངས་ཀྱིས་གནོད་འཚེ་ལས་སྔ་ཙམ་རྒྱལ་ཏེ་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཉིན་དེ་རང་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འབར་མར་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཐད་རྨིན་ཨང་ལའེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་ཡོད།