ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཧུའུ་ཡའོ་པང་སྐུ་བལྟམས་ནས་ལོ་110འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།
ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལི་ཞི་ཚོགས་འདུར་ཕེབས་པ།
ཀྲུང་གུང་ཀྲུང་དབྱང་གིས་ཚེས་20ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བློ་མཐུན་ཧུའུ་ཡའོ་པང་སྐུ་བལྟམས་ནས་ལོ་110འཁོར་བར་དྲན་གསོ་ཞུས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་བློ་མཐུན་ཧུའུ་ཡའོ་པང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་དང་ཕུལ་དུ་བྱུང་བའི་སྤྱོད་ཚུལ་ལ་སློབ་སྦྱོང་ནན་ཏན་ཞུས་ཐོག ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ལོ་རྒྱུས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པའི་ཐོག་ནས་བྱ་གཞག་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཞི་བཞུགས་མོལ་ཚོགས་འདུར་ཕེབས་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་ནང་བློ་མཐུན་ཧུའུ་ཡའོ་པང་གི་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོ་དང་ཕུལ་དུ་བྱུང་བའི་མཛད་རྗེས་ལ་ཕྱིར་དྲན་གནང་ཡོད། ཁོང་གིས། བློ་མཐུན་ཧུའུ་ཡའོ་པང་ནི་ཡུན་རིང་ཚོད་བགམ་ཐེབས་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་དང་། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། རང་དམག་གི་ཕུལ་དུ་བྱུང་བའི་ཆབ་སྲིད་ལས་དོན་པ། དུས་ཡུན་རིང་པོར་ཏང་གི་འགོ་ཁྲིད་གོ་གནས་གལ་ཆེན་འཁུར་བའི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ་བཅས་ཡིན་པ་དང་། མི་རིགས་རང་བཙན་དང་བཅིངས་འགྲོལ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བཅས་ཀྱི་ཆེད་དུ་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་མཐུན་ཧུའུ་ཡའོ་པང་གིས་ཕུགས་འདུན་ཆེན་པོ་བཅངས་ནས་གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་གནང་བའི་ཡུན་རིང་གི་ལག་ལེན་ཁྲོད་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་སྙིང་སྟོབས་མངོན་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་དང་འདྲ་བར་ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ཤིང་ཏང་ལ་བློ་དཀར་འགྱུར་མེད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། ཕུགས་བསམ་ཆེན་པོ་དང་ཐུན་མོང་གི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་མཐུན་ཧུའུ་ཡའོ་པང་གིས་ལས་དོན་ཡོད་ཚད་དོན་དངོས་ལ་གཞིགས་ནས་བསྒྲུབ་རྒྱུར་མཐོང་ཆེན་གནང་སྟེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་དང་རྩ་འཛུགས་ལམ་ཕྱོགས་ཀྱི་ཟིང་བཅོས་ཡོ་བསྲང་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་དང་འདྲ་བར་དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་དང་། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྐུལ་འདེད་གཏོང་བའི་རླབས་ཆེའི་ལག་ལེན་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་རྒྱུན་ཆད་མེད་པར་མངོན་པར་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་མཐུན་ཧུའུ་ཡའོ་པང་གིས་བསྒྱུར་བཅོས་སྒོ་དབྱེ་དར་སྤེལ་དང་དེར་སྐུལ་འདེད་ཧུར་ཐག་བཏང་གནང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཐུགས་ནུས་ཡོད་རྒུ་བཏོན་གནང་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་དང་འདྲ་བར་དཔའ་ངར་ཆེན་པོས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ཞིང་བློ་རྩ་བརྟན་པོས་བསྒྱུར་བཅོས་གསར་གཏོད་བྱེད་པའི་སྙིང་སྟོབས་ལ་བརྟེན་པ་དང་། དཀའ་ཚེགས་ཆེ་བའི་གནད་དོན་ལ་གདོང་གཏད་ཕོད་པའི་སྙིང་སྟོབས་ཐོག་ནས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་མཐུན་ཧུའུ་ཡའོ་པང་གིས་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་གནང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མི་དམངས་རྣམས་གང་མགྱོགས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་ཆེད་བྱ་བ་དངོས་དང་བྱ་བ་བཟང་པོ་འབོར་ཆེན་བསྒྲུབས་གནང་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཁོང་དང་འདྲ་བར་ཐོག་མཐའ་བར་གསུམ་དུ་སེམས་ནང་མི་དམངས་འཇོག་པ་དང་ཀུན་ལ་ཁེ་ཕན་སྐྲུན་ཐུབ་པར་བྱེད་པ། རང་རྟོགས་ངང་ཏང་གི་རྩ་བའི་དམིགས་འབེན་ལག་ལེན་བསྟར་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་སྐྱོད་པ་བཅས་བྱས་ཏེ། འབད་འཐབ་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། བློ་མཐུན་ཧུའུ་ཡའོ་པང་གིས་ཏང་སྲོལ་ཡག་པོ་འཛུགས་རྒྱུར་ཚད་མཐོའི་མཐོང་ཆེན་གནང་སྟེ། ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་དར་སྤེལ་གཏོང་ཆེད་འོད་སྟོང་འཕྲོ་བའི་དཔེ་མཚོན་བཏོད་ཡོད། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ཁོང་དང་འདྲ་བར་ཡ་རབས་ཚུལ་ལྡན་དང་རང་དཔེ་གཞན་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ངོ་བོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བློ་མཐུན་ཧུའུ་ཡའོ་པང་གིས་ཏང་དང་མི་དམངས་ཀྱི་ཆེད་དུ་ནུབ་པ་མེད་པའི་མཛད་རྗེས་བཞག་པར་ཕྱིར་དྲན་ཞུས་པ་དང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཧུའུ་ཡའོ་པང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་དང་ཕུལ་དུ་བྱུང་བའི་སྤྱོད་ཚུལ་ལ་སློབ་སྦྱོང་ཞུ་དགོས་པའི་འབོད་སྐུལ་གནང་ཡོད། དེར་ཆབ་སྲིད་རང་བཞིན་དང་། དགོངས་པའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་པ་དང་། ལག་བསྟར་དོན་འཁྱོལ་ཡག་པོ་ཐུབ་པ་བྱེད་དགོས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པར་བྱེད་པ། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་འགོ་འཛིན་ཆུས་ཆིང་ཧྲན་དང་། ཀྲུང་དབྱང་རྩ་འཛུགས་པུའི་རྒྱུན་ལྡན་ལས་དོན་ལ་དོ་དམ་བྱེད་མཁན་གྱི་པུའུ་ཀྲང་གཞོན་པ་ཧོང་ཅན་ཧྥ། ཀྲུང་དབྱང་ཏང་གི་སློབ་གྲྭ་(རྒྱལ་ཁབ་སྲིད་འཛིན་སློབ་གླིང་)ཡི་རྒྱུན་ལྡན་ལས་དོན་ལ་དོ་དམ་བྱེད་མཁན་གྱི་སློབ་སྤྱི་གཞོན་པ་(འགོ་འཛིན་གཞོན་པ)ཞེ་ཁྲུན་ཐའོ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཡོད།
ཧྲི་ཐའེ་ཧྥེང་དང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཁྲེན་ཝུན་ཆིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཀྲང་ཧྲེང་རྨིན་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་ཚན་པ་དང་ཧུའུ་ནན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་ཧུའུ་ཡའོ་པང་གི་གཉེན་ཉེ། ཁོང་སྐུ་འཚོ་ཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།