ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས། 《<སྤྱི་ཚོགས་ཚོགས་པའི་ཐོ་འགོད་དོ་དམ་སྲོལ་ཡིག>ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་པ་དང་། ཁྱབ་བསྒྲགས་བྱས་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
《ཆོད་དོན》ལ་བསྡོམས་པས་དོན་ཚན8ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད།
གཅིག་ནི་ལས་རིགས་མཐུན་ཚོགས་ཀྱི་ཚོང་ཚོགས་ཟླ་སྒྲིལ་གཏོང་བ་དང་ཕྱིར་འཐེན་བྱེད་དཀའ་བའི་གནད་དོན་ལ་དམིགས་ཏེ། ལས་རིགས་མཐུན་ཚོགས་ཀྱི་ཚོང་ཚོགས་ཟླ་སྒྲིལ་གཏོང་བ་དང་སྣང་ཚུལ་མཚམས་འཇོག་པའི་གཏན་འབེབས་ཇེ་མང་དུ་གཏོང་དགོས།
གཉིས་ནི་ཐོ་ཁོངས་ནས་སུབ་སྐབས་བུ་ལོན་ཐག་གཅོད་བྱེད་པར་ལམ་ལུགས་ཀྱི་གཏན་འབེབས་མི་འདང་བའི་གནད་དོན་ལ་དམིགས་ནས། ལས་སྒོ་གཙོ་གཉེར་སྡེ་ཚན་དང་། ལས་རིགས་ཀྱི་དོ་དམ་སྡེ་ཁག ཐོ་འགོད་དོ་དམ་ལས་ཁུངས་བཅས་དང་ཡང་ན་ཁེ་གྱོང་འབྲེལ་བ་ཡོད་མཁན་ཀྱིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་འབྲེལ་ཡོད་མི་སྣའི་གྲུབ་པའི་གཙང་རྩིས་ཚོ་ཆུང་དམིགས་འཛུགས་བྱེད་པར་རེ་ཞུ་བྱས་ནས། གཙང་རྩིས་བྱེད་ཆོག་པའི་གཏན་འབེབས་ཇེ་མང་དུ་གཏོང་དགོས།
གསུམ་ནི་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་རེ་ཞུ་ལ་འགན་སྒྲུབ་གཙོ་གཞི་དཀོན་པའི་གནད་དོན་ལ་དམིགས་ནས། འབྲེལ་ཡོད་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་ངེས་པར་དུ་སྲོལ་ཡིག་འདི་གཞིར་བཟུང་ནས་བཅོས་བསྒྱུར་དང་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་ལས་སྒྲུབ་བྱེད་པ་དང་། འབྲེལ་ཡོད་ལས་རིགས་ཀྱི་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་རང་བརྟེན་ངང་བསྒྲུབ་དཀའ་བ་ཡིན་ན། ལས་སྒོ་གཙོ་གཉེར་སྡེ་ཚན་དང་། ལས་རིགས་དོ་དམ་སྡེ་ཁག ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་བཏོན་ནས། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་བསྒྲུབ་དགོས་པ་གསལ་བོར་བསྟན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།