ཟླ3པའི་ཚེས18ནས་ཚེས21ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཡུན་ནན་དུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆབ་སྲིད་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་ནུས་པ་འདོན་སྤེལ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ཕྱིར་སྡོད་རང་མིའི་ལས་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དངོས་འཛིན་དངོས་སྒྲུབ་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས།
ལི་ཀན་ཅེ་ཞི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་དང་། ཡུས་ཞི་གྲོང་ཁྱེར། ཁུན་མིང་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་བྱེད་སྒོ་ཡུལ་དངོས་དང་། ཀྲུང་གོའི་པྲ་ཀྲི་ཏིའི་སྐད་ཁོངས་ཀྱི་མཐོ་རིམ་ནང་བསྟན་སློབ་གླིང་། ཡུན་ནན་ནང་བསྟན་སློབ་གླིང་ཞི་ཧྲོང་པན་ནའི་ཡན་ལག་སློབ་གླིང་བཅས་སུ་ཕེབས་ནས། ཁྲིམས་ལྟར་དོ་དམ་དང་སློབ་གསོ་སློབ་ཁྲིད་ལ་ཤུགས་སྣོན་ཚུལ་ལ་རྒྱུས་ལོན་གནང་། བརྟག་ཞིབ་གནང་བའི་རིང་ལི་ཀན་ཅེ་ཡིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་རྒྱག་རྒྱུར་དམིགས་པའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཡང་དག་རྟོགས་པར་བྱེད་པ་དང་། ཆོས་ལུགས་ལས་དོན་གྱི་ཤུགས་རྒྱག་ཕྱོགས་དང་གཞི་རྩའི་རྩ་དོན་ཁོང་དུ་ཆུད་པ། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཆོས་ལུགས་ལས་དོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། སྲིད་ཇུས་ཀྱི་ཚད་གཞི་ཁོང་དུ་ཆུད་པ། དྲིལ་བསྒྲགས་དང་གསལ་འགྲེལ་ལ་ཤུགས་རྒྱག་པ། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཆོས་ལུགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཡིག་ཆ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་གྲངས་གསལ་རྟོགས་དང་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། ཆོས་ལུགས་ཁྱབ་ཁོངས་ཀྱི་རྙོག་འཛིང་རྒྱུན་མཐུད་བཅོས་སྐྱོང་བྱེད་པ་དང་། ཆོས་དད་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ཏེ་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་རང་འགུལ་ངང་བཀག་འགོག་བྱེད་དགོས། དཔུང་ཁག་སྟོབས་ཆེར་གཏོང་རྒྱུར་ཤུགས་རྒྱག་པ་དང་། ལས་སྒོའི་གསོ་སྦྱོང་ལ་ཤུགས་རྒྱག་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་ཚོད་འཛིན་བཅས་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ལི་ཀན་ཅེ་ཡིས་ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོ་ཁང་དུ་ཕེབས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ངོ་སྤྲོད་གསན་ཞིང་། མི་རིགས་མང་པོ་མཉམ་སྡོད་བྱེད་པའི་གྲོང་ཚོར་ཕེབས་ཏེ། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་ཚུལ་ལ་བརྟག་ཞིབ་གནང་བ། ཕྱིར་སྡོད་རང་མི་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རིག་གནས་གནས་ཡུལ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་ཕྱི་རྒྱལ་དུ་ཕྱིན་པའི་ཕྱིར་སྡོད་རང་མིའི་གསར་གཏོད་ལས་གཏོད་རྟེན་གཞི་དང་རྒྱ་ཡིག་སློབ་གླིང་ལ་རྟོག་ཞིབ་གནང་སྟེ། ལོ་རྒྱུས་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་། ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བ། རྒྱ་ཡིག་སློབ་གསོའི་ལས་དོན་བཅས་ཐད་ལ་རྒྱུས་ལོན་གནང་ཞིང་། ཁོང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོར་བརྗོད་ནས། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ངང་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ལས་དོན་སྤེལ་སྟངས་དང་སྤེལ་ཐབས་གསར་གཏོད། ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི་དང་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་དེ་ཡག་པོར་འབྲི་དགོས་ཞེས་གསུངས།
རྩོམ་སྒྲིག་པ། རིག་གྲོལ།