ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

དབྱི་སི་རལ་གྱིས་དབྱི་རན་གྱི་འཕུར་མདེལ་འགོག་ཐུབ་མེད་པ།

སྤེལ་དུས 2026-03-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས21ཉིན་གྱི་དགོང་མོ། དབྱི་རན་གྱིས་འཕུར་མདེལ་འཕངས་ནས་དབྱི་སི་རལ་ལྷོ་རྒྱུད་ཀྱི་ཏི་མོ་ན་དང་ཨ་ལ་ཏེ་གྲོང་ཁྱེར་སོགས་ས་ཆ་མང་པོར་རྡུང་རྡེག་བཏང་། གནས་ཚུལ་དེ་དངོས་སུ་མཐོང་མཁན་གྱིས་དབྱི་སི་རལ་གྱི་མཁའ་ཟོན་མ་ལག་གིས་དབྱི་རན་གྱི་འཕུར་མདེལ་འགོག་མ་ཐུབ་པར་ཕམ་ཁ་བྱུང་བའི་སྐད་ཅིག་མ་དེ་པར་དུ་བླངས། པར་རིས་ལས་མངོན་པར། དབྱི་རན་གྱི་འཕུར་མདེལ་དེ་ཉིད་འགོག་མདེལ་ལས་གཡོལ་ནས་ས་ངོས་ཀྱི་དམིགས་འབེན་ལ་གནད་འཁེལ་པོས་ཕོག་ཡོད།

            ས་གནས་དེ་གའི་མྱུར་སྐྱོབ་རྩ་འཛུགས་ཀྱིས། ས་གནས་གཉིས་ཀྱི་མི་བརྒྱ་ལྷག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་གིས་དབྱི་རན་གྱི་འཕུར་མདེལ་འགོག་ཐུབ་མེད་པ་ཁས་བླངས་བ་བརྗོད་ཡོད།

            དབྱི་རན་གྱི་རྒྱལ་སྤྱིའི་ལས་དོན་གྱི་ཆེད་མཁས་པ་ཞིག་གིས། དབྱི་རན་གྱིས་ཉིན་དེར་ཏི་མོ་ནར་འཇབ་རྒོལ་བྱས་པ་དེ་ནི་དབྱི་སི་རལ་གྱིས་དབྱི་རན་གྱི་ན་ཐན་ཚིའི་ཉིང་རྡུལ་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པར་ལན་སློག་པ་ཞིག་ཡིན་ཞེས་བརྗོད་ཡོད།

            ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་མིག་སྔར་དབྱི་རན་གྱི་འཕུར་མདེལ་འགོག་མ་ཐུབ་པའི་རྒྱུ་མཚན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་དམག་དཔུང་གིས་འགོག་མ་ཐུབ་པའི་འཕུར་མདེལ་དེ་གཉིས“འཕུར་མདེལ་གསར་པ་ཞིག་མིན་པར་དེ་སྔ་དབྱི་སི་རལ་ལ་རྡུང་རྡེག་གཏོང་དུས་འཕངས་མྱོང”ཞེས་བརྗོད་ཡོད།

རྩོམ་སྒྲིག་པ། རིག་གྲོལ།