ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲའོ་ལེ་ཅི་ཡིས་ཨ་ཟེར་བྷེ་ཇང་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཅ་ཧྥ་ལུའོ་ཝ་དང་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་སི་ཁེ་ལི་ཡ་ཨར་ཐུག་འཕྲད་གནང་།

སྤེལ་དུས 2026-03-26 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧའེ་ནན་པོ་ཨའོ་རུ་སོ་སོར་ཀྲུང་གོར་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཨ་ཟེར་བྷེ་ཇང་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཅ་ཧྥ་ལུའོ་ཝ་དང་། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་སི་ཁེ་ལི་ཡ་ཨར་ལ་ཐུག་འཕྲད་གནང་། ཕྱི་དྲོར་ཐུན་མོང་ཐོག་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་དོན་གཅོད་དང་མཐོ་རིམ་བློ་འདྲི་ལ་ཐུག་འཕྲད་གནང་།
ཟླ3པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧའེ་ནན་པོ་ཨའོ་རུ་ཀྲུང་གོར་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཨ་ཟེར་བྷེ་ཇང་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཅ་ཧྥ་ལུའོ་ཝ་ལ་ཐུག་འཕྲད་གནང་།
            ཅ་ཧྥ་ལུའོ་ཝར་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཨ་ལི་ཡེ་ཧྥུའུ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་ཟེར་བྷེ་ཇན་བར་ཀྱི་འབྲེལ་བ་སྤུས་ཚད་མཐོ་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རིམ་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇང་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་བསྲུང་བྱ་རུ་བྱེད་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པའི་མཛའ་མཐུན་སྲོལ་རྒྱུན་དར་སྤེལ་དུ་གཏོང་བ། གཉིས་ཕན་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་གཏོད་པ། དཔལ་འབྱོར་ཉོ་ཚོང་ཐད་ཀྱི་དངུལ་གཏོང་རྒྱ་ཆེར་གཏོང་བ། མཉམ་འབྲེལ་མཉམ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨ་ཟེར་བྷེ་ཇང་རྒྱལ་དམངས་གྲོས་ཚོགས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ཏེ།  ཀྲུང་གོ་དང་ཨ་ཟེར་བྷེ་ཇང་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་བྱེད་འདོད་ཡོད། ཀྲའོ་ལེ་ཅི་ཡིས་ད་དུང་ཀྲུང་གོས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ངོ་སྤྲོད་གནང་།
            ཅ་ཧྥ་ལུའོ་ཝ་ཡིས་བསྟན་དོན། པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ལས་ཀྲུང་གོས་གྲོས་མོལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་པ་མཚོན་ཡོད། ཨ་ཟེར་བྷེ་ཇང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་བརྩི་བསྲུང་བྱས་ཏེ།  ཨ་ཟེར་བྷེ་ཇང་དང་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས།  ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད།

ཟླ3པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧའེ་ནན་པོ་ཨའོ་རུ་ཀྲུང་གོར་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་སི་ཁེ་ལི་ཡ་ཨར་ལ་ཐུག་འཕྲད་གནང་། 
            སི་ཁེ་ལི་ཡ་ཨར་ལ་ཐུག་འཕྲད་གནང་སྐབས།  ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་ཕན་ཚུན་བློ་གཏད་ཆོག་པའི་ཡུན་རིང་གི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོ་ཡིན།   ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ་གཉིས་ཀྱིས་ཐེངས་གཉིས་ལ་མཇལ་འཛོམས་གནང་ནས།  ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་རྡོ་ཇེ་བརྟན་དུ་གཏོང་བ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་གཙོ་ཐིག་ཏུ་བྱེད་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མི་ཆོས་རིག་གནས་བརྗེ་རེས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བ་དང་ཁྱབ་ཁོངས་སྔར་ལས་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་ལས་ཁུངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།
            སི་ཁེ་ལི་ཡ་ཨར་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་རབ་དང་རིམ་པར་ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་ཕྱིན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཁྲིམས་འཛུགས་དང་དཔལ་འབྱོར་ཉོ་ཚོང་། ནུས་ཁུངས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། 

རྩོམ་སྒྲིག་པ། རིག་གྲོལ།