ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧན་ཀྲེང་གིས་ཕོར་ཐི་ཀལ་གྱི་གྲོས་དཔོན་ཨ་ཅི་ཡར་པུའུ་ལན་ཁའོ་ལ་ཐུག་འཕྲད་གནང་བ།

སྤེལ་དུས 2026-04-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།


ཟླ4པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་ཕོར་ཐི་ཀལ་གྱི་གྲོས་དཔོན་ཨ་ཅི་ཡར་པུའུ་ལན་ཁའོ་ལ་ཐུག་འཕྲད་གནང་།

            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཚེས8ཉིན་པེ་ཅིན་དུ་ཕོར་ཐི་ཀལ་གྱི་གྲོས་དཔོན་ཨ་ཅི་ཡར་པུའུ་ལན་ཁའོ་ལ་མཇལ་འཕྲད་གནང་།

            ཧན་ཀྲེང་གིས་བསྟན་དོན། ཟླ་སྔོན་མར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་སྲིད་འཛིན་སའེ་ཀུའུ་ལུའོ་ཡིས་འགན་བཞེས་པར་རྟེན་འབྲེལ་ཞུས་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་དང་། ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན་པ་དེས། ཀྲུང་གོ་དང་ཕོར་ཐི་ཀལ་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་ཀལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་དང་། ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དག་གཙང་ནུས་ཁུངས་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཨའོ་མོན་ལས་སྟེགས་སུ་བྱེད་པའི་མཉམ་ལས་རྒྱ་སྐྱེད་དེ། ཀྲུང་གོ་དང་ཡོ་རོབ་ཀྱིས་གྲོགས་པོའི་ངེས་གནས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་མཐུན་སྒྲིལ་རོགས་ལས་ལ་སྲུང་སྐྱོང་བྱེད་པ། ཀྲུང་གོ་དང་ཕོར་ཐི་ཀལ་གྱི་མཉམ་ལས་བརྟན་བརླིང་རང་བཞིན་དང་། ཕན་ཚུན་ཁེ་ཕན་རང་བཞིན། སྒོ་འབྱེད་རང་བཞིན་བཅས་ལ་བརྟེན་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་དྲང་ནུས་སྔར་བས་མང་བ་སྣོན་འདོད་ཡོད།

            ཨ་ཅི་ཡར་པུའུ་ལན་ཁའོ་ཡིས་བསྟན་དོན། ཕོར་ཐི་ཀལ་དང་ཀྲུང་གོར་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་ཡོད་པས། ཕོར་ཐི་ཀལ་ཕྱོགས་ཀྱིས"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཨའོ་མོན་དུ་རྒྱལ་ཁའི་ངང་ལག་ལེན་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་ཕྱོགས་མང་འབྲེལ་འདྲིས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད།


རྩོམ་སྒྲིག་པ། རིག་གྲོལ།