ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཞི་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཐེངས་བདུན་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ།

སྤེལ་དུས 2026-04-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲབ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

ཟླ4པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལི་ཞི་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཐེངས་བདུན་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། 
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལི་ཞི་ཚེས8ཉིན་རྒྱལ་ཡོངས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྐོར་ཐེངས་བདུན་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་བྱ་བའི་ཐད་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ད་ལོའི་སྐོར་ཞིབ་བྱ་བ་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ། སྲིད་ཁྲིམས་དང་སྤྱི་ཚོགས་དམངས་འཚོ། ཚན་རྩལ་སོགས་ཁྱབ་ཁོངས་སུ་སྐོར་ཞིབ་བྱེད་པར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བཀོད་སྒྲིག་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོབ་མཐར་ཕྱིན་དང་ཁོང་དུ་ཆུད་པར་བྱས་ནས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། སྔར་བས་ཚད་གཞི་མཐོ་ཞིང་སྔར་ལས་བྱེད་ཐབས་ནུས་ལྡན་སྤྱད་ནས་སྐོར་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཞིག་རྩོམ་ཐུབ་པར་ནུས་ལྡན་ལྟ་སྐུལ་དང་འགན་སྲུང་བྱེད་དགོས།
            ལི་ཞི་ཡིས་བསྟན་དོན། དུས་རབས་གསར་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་སྐོར་ཞིབ་བྱ་བར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། སྐོར་ཞིབ་ལྟ་སྐུལ་དེ་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པའི་རལ་གྲི་རྣོན་པོ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་མཆོག་ནོར་དུ་གྱུར་ཡོད། ཏང་གི་སྐོར་ཞིབ་བྱ་བའི་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བློ་རྩ་བརྟན་པོས་ཆབ་སྲིད་སྐོར་ཞིབ་ཟབ་སྤེལ་དང་སྐོར་ཞིབ་དག་ཐེར་ངེས་པ་དོན་གྱིས་དམ་འཛིན་བྱེད་པ།སྡེ་བར་སྐོར་ཞིབ་ཏན་ཏིག་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས། སྐོར་ཞིབ་ལྟ་སྐུལ་གྱི་ཟིལ་ཤུགས་དང་ཁྱབ་ཤུགས། སྐུལ་ཤུགས་བཅས་བསྟུད་མར་ཇེ་མཐོར་གཏོང་དགོས།
            ལི་ཞི་ཡིས་ནན་གྱིས་བསྟན་དོན། སྐོར་ཐེངས་འདིའི་སྐོར་ཞིབ་ཀྱི་གཙོ་གནད་དམ་འཛིན་བྱེད་དགོས། སྲིད་འབྲས་ལྟ་བ་ཞེས་པའི་རྩ་བའི་རང་བཞིན་གྱི་གནད་དོན་འདིར་དམ་པོར་དམིགས་ཏེ། སྐོར་ཞིབ་བྱ་ཡུལ་ཡིན་པའི་ཏང་རྩ་འཛུགས་དེས་འགན་འཁྲི་ལག་བསྟར་དང་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ། འཕེལ་རྒྱས་དང་བདེ་འཇགས་ཐད་གཅིག་གྱུར་འཆར་འགོད་བྱས་ཚུལ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་བཏང་ཚུལ་དང་། འགོ་ཁྲིད་ཚན་ཆུང་དང་ལས་བྱེད་པའི་འཇོན་མིའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་ཚུལ་བཅས་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། སྐོར་ཞིབ་དག་ཐེར་བྱས་འབྲས་དོན་འཁྱོལ་བྱས་ཚུལ་ལ་རྒྱུན་ལོན་གཏིང་ཟབ་བྱེད་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྲུང་སྐྱོང་གཉིས་ལག་བསྟར་ཡག་པོར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་དཀའ་ཁག་མཉམ་སེལ། བརྟན་ཐོག་ཡར་འཕེལ་བརྩོན་ལེན་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ་སྐོར་ཞིབ་ཀྱི་ལས་འགན་ལེགས་འགྲུབ་ཡོང་བར་འགན་སྲུང་བྱེད་དགོས།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧྲི་ཐའེ་ཧྥེང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་སྐོར་ཐེངས་བདུན་པའི་ཚན་ཆུང་གི་ཚན་གཙོའི་དབང་ཆ་ལས་འགན་དང་ཁག་བགོས་ཐད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཅིན་གོ་ཡིས་མགོ་འཛིན་བྱས། 

རྩོམ་སྒྲིག་པ། རིག་གྲོལ།