༄༅།།བརྒྱུད་བསྐུར་གནང་རོགས། གཟའ་འཁོར་འདིའི་ལས་ཀའི་དུས་ཚོད་ལ་འགྱུར་བ་བྱུང་ཡོད།
སྤེལ་དུས 2025-09-28
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་པ་པོ།
2025ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་ནས། གཟའ་འཁོར་འདིའི་ལས་ཀའི་དུས་ཚོད་ལའང་འགྱུར་བ་བྱུང་ཡོད་དེ། ཟླ་9པའི་ཚེས་28ཉིན་(གཟའ་ཉི་མ།)ལས་ཀར་འགྲོ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་2025ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་བཀོད་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོ་གཞིར་བཟུང་། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གཉིས་ཟླ་བསྒྲིལ་ཏེ་ཉིན་8ངལ་གསོ་རྒྱུ་ཡིན་པ་དང་། ཞིབ་ཕྲའི་ངོས་ནས་བཤད་ན། ཟླ་9པའི་ཚེས་28ཉིན་(གཟའ་ཉི་མ།)དང་ཟླ་10པའི་ཚེས་11ཉིན་(གཟའ་སྤེན་པ།)ལས་ཀར་ཞུགས་དགོས་པ་དང་། ཟླ་10པའི་ཚེས་1ཉིན་(གཟའ་ལྷག་པ།)ནས་ཚེས་8ཉིན་(གཟའ་ལྷག་པ།)བར་ངལ་གསོ་བྱས་ནས་ལས་དུས་བརྗེ་རེས་བྱ་རྒྱུ་ཡིན་པས། ཚང་མས་ལས་ཀའི་དུས་ཚོད་ཡིད་ལ་གསལ་པོར་འཛིན་རོགས།
དེ་མིན་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་(ཟླ་10པའི་ཚེས་1ནས་ཚེས་8ཉིན་བར།)རིན་བསྡུའི་གཞུང་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རིན་མེད་ངང་སྐྱོད་ཆོག་གི་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།