ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > འཐུས་མི་དང་ཨུ་ཡོན།

འབད་འཐབ་ཀྱི་ལང་ཚོ་ནི་གདེང་ཚོད་ཆེ་ཤོས་ཡིན།

སྤེལ་དུས 2023-03-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ལོ་ལྔའི་གོང་། ལོ29ལ་སླེབས་པའི་བཀྲ་ཤིས་རྒྱལ་མཚན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་པ་དང་། མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད་ཐེངས་དང་པོ་ཡིན་པའི་ཁོང་ལ་སྤོབས་སེམས་ཆེན་པོ་སྐྱེ་མྱོང་ལ་སེམས་འགུལ་ཡང་ཐེབས་མྱོང་། སྨྱན་སྦྱོར་མང་པོ་ཞིག་གི“འོད་མདངས་འཚེར་བའི་གློག་འོད”ལ་གདོང་གཏོད་སྐབས། སེམས་འཚབ་ནས་དངངས་སྐྲག་ཀྱང་སྐྱེས། འོན་ཀྱང་དེའི་རྗེས་སུ་ལོ་རེའི་ནང་ཁོང་ནར་སོན་པ་དང་སྦྲགས་ཉམས་མྱོང་ཡང་ཡོད་པར་གྱུར་ཅིང་། རང་ཉིད་ལ་བཅངས་པའི་ཡིད་ཆེས་ཀྱང་ཇེ་ཆེར་སོང་།

ཟླ3པའི་ཚེས5ཉིན། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཞང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་བཞིན་པ། 
         “དེང་རབས་ཀྲུང་གོའི་གཞོན་ནུ་ཚོ་སྐལ་བཟང་རྫོགས་ལྡན་གྱི་དུས་སྐབས་སུ་གནས་ཤིང་། ངའི་འཚར་ལོངས་བྱུང་བའི་བརྒྱུད་རིམ་རེ་རེ་དང་ལྷག་པར་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་སླར་ཡང་བདམས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་ལྷོ་པ་རིགས་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་བ་ཞིག་ཡིན་ལ། རྩ་འཛུགས་དང་མི་དམངས་ཀྱིས་ང་ལ་ཡིད་ཆེས་ཆེན་པོ་གནང་བ་ཞིག་ཀྱང་ཡིན་པས། རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་གཟི་བརྗིད་ལྡན་པ་དང་འོས་འགན་ཧ་ཅང་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང”ཞེས་བཤད། ད་ལོ་ལོ34ལ་སླེབས་པའི“འཐུས་མི་རྒན་གྲས་པ”ཁོང་གི་བཞིན་ལ་དུས་དང་རྣམ་པ་ཀུན་ཏུ་ཡིད་ཆེས་ཀྱིས་ཁེངས་ཤིང་། ཚོགས་འདུ་མ་འཚོག་གོང་དང་ཚོགས་འདུ་འཚོག་པའི་དུས་སུ། ཁོང་གིས་འཐུས་མི་གསར་པ་དང་ལྷན་དུ་འགན་འཁྲི་བསྒྲུབས་པའི་ཉམས་མྱོང་ལྷུག་གླེང་གནང་ཡོད།

ཟླ2པའི་ཚེས15ཉིན། བཀྲ་ཤིས་རྒྱལ་མཚན་གྱིས་ལྷུན་རྩེ་རྫོང་མདོ་ཡུལ་ཞང་གི་སྡོང་ཕྲུག་རྟེན་གཞིར་སྐྱེ་ཁམས་འཕེལ་རྒྱས་ཀྱི་གནད་དོན་ལ་བརྟག་ཞིབ་གནང་བཞིན་པ། 
         2012ལོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཤིང་། བཀྲ་ཤིས་རྒྱལ་མཚན་ཡང་ལོ་དེར་ལས་ཀར་ཞུགས། 2021ལོར་བཀྲ་ཤིས་རྒྱལ་མཚན་གྱིས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཞང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞང་ཀྲང་གི་འགན་འཁུར། ལས་གནས་འཁུར་ཚུན་ཁོང་གིས་ཞང་ཁོངས་ཀྱི་ས་ཆ་ཚང་མར་བསྐྱོད་པ་དང་། མང་ཚོགས་མང་ཆེ་བར་འཚམས་འདྲི་གནང་བ། མཐའ་མཚམས་འཛུགས་སྐྲུན་དང་། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ། མཐའ་མཚམས་བརྟན་གཏོང་དང་མཐའ་སྲུང་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། “ཏང་དང་སྲིད་གཞུང་གིས་ང་ཚོར་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དཔེར་ན། སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་ནགས་སྲུང་བ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་མཁོ་འདོན་གནང་བ་དང་ཕྱོགས་གང་ཅིའི་ཐད་ནས་སྲིད་ཇུས་ཀྱིས་ཐོན་སྐྱེད་དང་འཚོ་བར་འགན་ལེན་ཡག་པོ་བྱས་ཡོད། ང་ཚོར་བདེ་སྡོད་ལས་བརྩོན་ཐུབ་པ་བྱུང་བས་བློ་བརྟན་འགྱུར་མེད་ངང‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱེད་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན’ཞིག་ཏུ་འགྱུར་བ་བྱེད་དགོས”ཞེས་པའི་མཐའ་མཚམས་མང་ཚོགས་ཀྱི་ཤ་ཚ་བའི་གཏམ་དེས་བཀྲ་ཤིས་རྒྱལ་མཚན་ལ་སེམས་འགུལ་ཆེན་པོ་ཐེབས།
         “མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡག་པོ་ཞིག་བྱེད་པར་དང་ཐོག་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་ཧུར་ཐག་བྱས་ཚེ་གཞི་ནས་རང་ཉིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་། འཐུས་སྒོ་ཚང་དུ་འགྲོ་ཐུབ་པ་དང་། གཞི་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་ཐུབ་པ། གཞི་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཀྱི་རྗེས་ཟིན་ཐུབ་པ། གཞི་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་པ”གཉིས་ནས་ལས་བྱེད་དང་མང་ཚོགས་བར་འབྲེལ་གཏུགས་བྱེད་པའི‘ཟམ་པ’ལྟ་བུ་ཞིག་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་དོ་ཁུར་བྱེད་མཁན་གྱི་‘སྙིང་ཉེ་བ’དང་། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་མཁན’གྱི་སྤྲོ་སེམས་ཅན། མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱེད་མཁན་གྱི་‘མགྲིན་ཚབ་པ’བཅས་བྱེད་དགོས། གསུམ་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་ཉིད་ཀྱི་འཚོ་བ་དང་ལས་ཀའི་ལག་ལེན་ཁྲོད་འཐུས་མིའི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་འཐུས་མིའི་ཉམས་འགྱུར་མངོན་པ་བྱེད་དགོས”ཞེས་བཤད་པ་རེད།
         ལོ་འདི་དག་ནང་བཀྲ་ཤིས་རྒྱལ་མཚན་རང་ཉིད་ཀྱིས་སྣེ་ཁྲིད་ནས་འབོད་སྐུལ་བྱས་པ་མ་ཟད། མདོ་ཡུལ་ལྷོ་པ་མི་རིགས་ཞང་གི་མང་ཚོགས་ཚོའི་ཆེད་དུ་ཚ་ཚ་འུར་འུར་ངང་ལས་ཀ་བྱས་ཡོད། ལྷུན་རྩེ་རྫོང་གི་རྒྱབ་སྐྱོར་འོག་ཞང་གིས་ཁྱིམ་ཚང་མགྲོན་ཁང་བཙུགས་པས་མི་དེ་བས་མང་བས་མདོ་ཡུལ་ལྷོ་པ་མི་རིགས་ཞང་གི་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་ཐུབ་པ་མ་ཟད། ད་དུང་གྲོང་མིར་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད། མིག་སྔར་མདོ་ཡུལ་ལྷོ་པ་མི་རིགས་ཞང་གི་སྲིད་འཛིན་གྲོང་ཚོ3ལ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་། གློག་ཤར་གཏོང་ཐུབ་པ་དང་། རང་འབབ་ཆུ་ཀ་ལ་འཁྲིད་པ། གཞི་རྩའི་ཆ་ནས་ཨར་འདམ་ལམ་ཤར་གཏོང་ཐུབ་པ། མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་བཞི་ཡི་ཆ་རྐྱེན་ལེགས་སུ་ཕྱིན་པ། 2022ལོར་ཞང་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.6ལས་བརྒལ་ཡོད།
         “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། སྤྱི་ཁྱབ་ཧྲུའུ་ཅིས་ཆེད་མངགས་གཞོན་ནུ་ཚོར་མངགས་བཅོལ་ཟབ་མོ་བྱས་ཡོད”ཅེས་བཤད་པ་རེད། བཀྲ་ཤིས་རྒྱལ་མཚན་གྱིས“འབད་འབུངས་ཡར་བརྩོན་གྱི་གཞོན་ནུའི་ལང་ཚོ་ནི་གདེང་ཚོད་ཆེ་ཤོས་དང་མཛེས་ཤོས་རེད། ངའི་ཕ་ཡུལ་ད་ཆ་ཕྱུག་པོ་ཆགས་པ་དང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་མུ་མཐུད་གོམ་པ་རེ་རེ་བྱས་ནས་མདུན་དུ་སྐྱོད་དགོས། ངས་ཡུལ་མི་ཚོ་དང་མཉམ་དུ་བོད་ལྗོངས་ཀྱི་མཐའ་མཚམས་ལམ་ཐིག་གསལ་སྟོན་བྱས་ནས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྤར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད།