ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > གསར་འགྱུར།

བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་ཐོག་གྲོས་འགོ24བཏོན་འདུག

སྤེལ་དུས 2024-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཟླ3པའི་ཚེས10ཉིན་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་གཞི་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཚོགས་འདུའི་རིང་ལ།  བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཁྱོན་ཚོགས་ཆེན་ཐོག་གྲོས་འགོ24བཏོན།
            ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བར་དམིགས་ནས། སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་དེ་ཕུགས་ཀྱི་འཕེལ་རྒྱས་དོན་ཆེན་དང་འབྲེལ་བ་ཡོད་ཅིང་། གྲོས་འགོ་བཏོན་ནས་ས་ཁོངས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སྤུས་ཚད་ཐད་འཕེལ་རྒྱས་གསར་པ་ཡོང་བ་བཅས་བྱས་པས“གཉིས་འཕར་གཅིག་བརྟན”གྱི་ཁྱད་ཆོས་མངོན་ཡོད་པ་རེད། གཅིག་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་གྲོས་འཆར་མངོན་གསལ་དོད་པོས་མང་དུ་སོང་བ་དང་འཐུས་མི་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ལས་དོན་ལ་དོ་སྣང་ཆེན་པོ་གནང་ཡོད་པ་རེད། གཉིས་ནས་དམངས་འཚོ་ལེགས་གཏོང་རིགས་ཀྱི་གྲོས་འགོ་མང་དུ་མངོན་གསལ་ཕྱིན་ཞིང་། གཙོ་བོ་སྨན་བཅོས་དང་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་འདུས་ཡོད། གསུམ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་གྲོས་འགོ་སྔར་བཞིན་བཏོན་གནང་ཡོད་པ་དང་བསྡུར་ཚད་ཀྱང་ཚད་གཞི་ངེས་ཅན་ཞིག་ཟིན་ཡོད།   
            “ཏང་ཨུད་དང་སྲིད་གཞུང་གིས་ཞིང་ཕན་དམངས་ཕན་སྲིད་ཇུས་དེ་བས་མང་བ་བཏོན་ནས་ཞིང་འབྲོག་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་དང་། འབྱོར་ཕྱུག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད”  “བོད་ལྗོངས་ཀྱི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་ནས་བོད་ལྗོངས་ཀྱི་ཡང་བའི་བཟོ་ལས་བཟོ་སྐྲུན་ལས་རིགས་དེ་རྩེར་སོན་དང་།  གསར་པ།  སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པར་སྐྱོད་རྒྱུར་སྐུལ་འདེད་གཏོང་གི་ཡིན”སོགས་མང་ཚོགས་དང་འབྲེལ་གཏུག་དང་།  དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་གྲོས་འགོ་ལས་འཐུས་མིས་ལྟེ་གནས་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་།  ཆུ་ཚད་མཐོན་པོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མཚོན། 
            “ད་ལོའི་གྲོས་འགོའི་ཚུགས་གནས་མཐོ་བ་དང་། སྤུས་ཚད་ལེགས་པ། གནད་ལ་འཁེལ་བ་བཅས་ཡོད་པ་དང་།  ནང་དོན་ཀྲུང་དབྱང་གི་བླང་བྱ་དང་འཚམ་པ་དང་།  བོད་ལྗོངས་ཡོངས་ཀྱི་གནས་ཚུལ་དངོས་དང་མཐུན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་དང་མཐུན་པ་བཅས་རེད།” བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་དྲུང་ཡིག་ཁྲུའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འཐུས་མི་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་།  “དམངས་འཚོའི་དོན་ཆུང”ལ་དམིགས་ནས་ཚོགས་འདུ་མ་འཚོགས་གོང་དུ་བརྟག་ཞིབ་ནན་ཏན་དང་། གྲ་སྒྲིག་ཞིབ་ཚགས་གནང་བ་དང་།  ཚོགས་ཆེན་འཚོག་རིང་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་ཐབས་དང་ཇུས་འདོན་པ་བཅས་གནང་ནས།  ས་མཐོའི་བུ་ཕྲུག་ཚོས་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་གསོན་ཉམས་དོད་པའི་ཐོག་ནས་མངོན་པ་དང་།  བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་དེ་བཞིན་བྱ་གཞག་ཁག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་འགྱུར་ལྡོག་གསར་པ་ཡང་གང་ལེགས་མཚོན་ཡོད།    
            “གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ།  གྲོས་གཞི་དང་གྲོས་འགོ་རྗེས་འདེད་ཐག་གཅོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས།  འཐུས་མིའི་གྲོས་གཞི་དང་གྲོས་འགོའི་ནུས་པ་འདོན་སྤེལ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན”ཞེས་ལས་དོན་མི་སྣས་ངོ་སྤྲོད་བྱས། 


རྩོམ་སྒྲིག་པ། ལྷ་འབྲུག