ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > པར་རིས་གསར་འགྱུར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཅུན་ཅེ་ཡིས་དམངས་སེམས་བསྲུངས་ནས་མི་དམངས་ཀྱི་འདོད་བློ་བརྒྱུད་སྤྲོད་བྱེད་ཀྱི་ཡིན་ཞེས་བརྗོད་པ།

སྤེལ་དུས 2024-03-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

              ནན་ཅིང་གྲོང་ཁྱེར་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་ཀྲང་ཅུན་ཅེ་2023ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་པ་རེད། འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང་ཀྲང་ཅུན་ཅེ་ཡིས་སྨན་ཁང་དོ་དམ་དང་སྨན་བཅོས་ནད་སྐྱོང་གི་ལས་ཀའི་ཞོར་དུ་རྟག་ཏུ་རིགས་གཅིག་མཁས་ཅན་ཚོགས་པའི་སྣེ་ཁྲིད་ནས་འཐབ་ས་དང་པོར་གཤམ་སྐྱོད་ཀྱིས་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ་དང་སྡེ་ཁུལ་གྱི་འོས་འགན་སྨན་བཅོས་བྱས་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་དང་། གཞི་རིམ་དུ་བརྟག་ཞིབ་གཏིང་ཟབ་བྱས་ནས་མང་ཚོགས་ཀྱིས་བསམ་གཞིག་བྱེད་ས་དང་། བསམ་བློ་གཏོང་ས། རེ་སྒུག་བྱེད་ས་བཅས་ཤེས་རྟོགས་བྱས་ནས་མི་དམངས་ཀྱི་འདོད་བློ་དེ་བས་ལེགས་པའི་ངང་བརྒྱུད་སྤྲོད་བྱས་པ་རེད།

              འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཀྲང་ཅུན་ཅེ་ཡིས་ཁྲིམས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་གྲ་སྒྲིག་གནང་ཡོད་པ་རེད།

 

འདི་ནི་ནན་ཅིང་གྲོང་ཁྱེར་སྨན་ཁང་དང་པོར་ཀྲང་ཅུན་ཅེ་དང་ཚོགས་པས་ནད་པར་གཤག་བཅོས་བྱེད་བཞིན་པ།

རྩོམ་སྒྲིག་པ། རིག་གྲོལ།