ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > དཔྱད་གཏམ།

འགན་འཁྲི་གསར་པ་ཕྲག་ཏུ་འཁུར། བྱས་རྗེས་གསར་པ་ཧུར་ཐག་གཏོད།

——བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བའི་ཟུར་བྲིས།

སྤེལ་དུས 2023-03-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
      ཚེས་7ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དོ་སྣང་ཆེན་པོ་བྱེད་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་སྔོན་གཏན་འཁེལ་བའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད།
      ཚོགས་འདུའི་རིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་འཐབ་ཕྱོགས་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་དུས་རབས་ཀྱི་ལས་འགན་ལྕི་པོ་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་མཉམ་འཛོམས་དང་ཕྱར་བ་གྲུ་འདེགས་ཀྱིས་ལས་འགན་གལ་ཆེན་ལེགས་པར་བསྒྲུབས་ཏེ། ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་མྱོང་རོལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་བཟང་ལ་ཐུན་མོང་ཐོག་ཇུས་འགོད། གངས་ལྗོངས་ས་མཐོའི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་ཐུན་མོང་ཐོག་འགོད་པ་བཅས་བྱས་ཡོད།
      ཉིན་བཞི་ཡི་ཚོགས་འདུར་ཕྱིར་ལྟ་བྱེད་སྐབས། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ནན་ཏན་གསན་ནས་གྲོས་ཞིབ་གནང་བ་དང་། འཆར་ཟིན་དང་དེའི་སྙན་སྒྲོན་ཁག་ལ་གྲོས་ཞིབ་གནང་ཞིང་། ཁོང་ཚོས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། ཁྲིམས་སྐྱོང་འཛུགས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ལ་དམིགས་ནས། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་དངོས་སྒྲུབ་ཀྱི་འགན་སྒྲུབ་སྤྱོད་ཚུལ་ལ་བརྟེན་ཏེ། དམངས་གཙོ་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་ཟོལ་མེད་སྤེལ་རེས་དང་རང་གི་ལྟ་སྟངས་གླེང་བ་ལས་འཐུས་མི་ཚོས་བོད་ལྗོངས་ལ་དགའ་ཞེན་དང་། བོད་ལྗོངས་ལ་སེམས་ཁུར། བོད་ལྗོངས་འཛུགས་སྐྲུན་བཅས་བྱེད་པའི་ཟོལ་མེད་བརྩེ་སེམས་དང་ཐུན་མོང་གི་བསམ་འདུན་ཟབ་མོ་མཚོན་པ་དང་། སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་། འཕེལ་རྒྱས་ལ་གཞོལ་བ། དམངས་ཀྱི་དོན་དུ་འགན་ནུས་སྒྲུབ་པ་བཅས་ཀྱི་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་དང་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་ཡོད།
      ཕྱི་དྲོའི་ཆུ་ཚོད་3པ་དང་སྐར་མ་40ལ་མཇུག་འགྲིལ་ཚོགས་ཆེན་འགོ་ཚུགས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་བསྟུན་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་དང་། འཆར་གཞིའི་སྙན་སྒྲོན་གྱི་གྲོས་ཆོད། སྔོན་རྩིས་སྙན་སྒྲོན་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད། “ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་བཅས་རེ་རེ་བཞིན་ལ་གྲོས་འཆམ་བྱུང་བ་རེད།
      ཚོགས་འདུའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས། ཚང་མ་ཡར་ལ་བཞེངས་པ་དང་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་རེད།
མི་དམངས་འཐུས་ཚོགས་ཀྱི་ཚོགས་ཁང་ནས་དོན་སྐབས། འཐུས་མི་ཚོ་སེམས་འགུལ་ཚད་མེད་ཐེབས་ཤིང་། 2022ལོར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང“འཛུགས་གཏོད་བཞིར”དམིགས་ཏེ་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས།
གྲོས་བསྡུར་བྱེད་ཐེངས་རེ་རེ་དང་། གྲོས་འགོ་འདོན་ཐེངས་རེ་རེ། བརྡས་ཐག་གཅོད་ཐེངས་རེ་རེ་བཅས་ལས་མཚོན་པ་ནི། དམངས་ཀྱི་དོ་ཁུར་བྱ་ཡུལ་ཡིན་པ་དང་། གཅིག་སྡུད་བྱ་ཡུལ་ནི་དམངས་ཀྱི་རེ་འདོད་རེད།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཕུན་ཚོགས་ཀྱིས། དམའ་རིམ་སློབ་འབྲིང་བོད་ལྗོངས་འཛིན་གྲྭའི་སློབ་ཚན་ས་གནས་དེ་གའི་ལོ་རིམ་གཅིག་པ་ལས་སློབ་ཚན་ལྔ་ཡིས་མང་བ་ཡོད་པ་མ་ཟད། དབྱར་གསེང་དང་དགུན་གསེང་སྐབས། སློབ་གྲྭས་བྱེད་སྒོ་བཀོད་སྒྲིག་བྱེད་ཀྱི་ཡོད་སྟབས། སློབ་མའི་གནོན་ཤུགས་ཆེན་པོ་ཡོད། དེས་ན་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་སློབ་ཚན་དང་གུང་གསེང་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། སློབ་མའི་ཁུར་པོ་ཡང་དུ་གཏོང་རྒྱུ་སོགས་ཀྱི་གྲོས་འགོ་བཏོན་པ་རེད།
      ད་རེས་ཀྱི་ཚོགས་ཆེན་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་དུས་བབ་གསར་པའི་འོག་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ད་རེས་ཀྱི་ཚོགས་འདུ་ཡག་པོ་འཚོགས་པ་ནི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་བ། འབད་འཐབ་ཀྱི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ལྗོངས་ཀྱི་ལེའུ་ཧུར་ཐག་རྩོམ་པར་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད”ཅེས་གསུངས་པ་རེད།
      བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་ཁོའོ་ཡོན་ཝང་ཡ་ལན་གྱིས། ལོ་གསར་པར་འགོ་གསར་པ་འཛུགས་དགོས། ལས་གནས་སུ་ལོག་རྗེས་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་བར། དམིགས་གཏན་འཁེལ་བའི་དམིགས་ཚད་རེ་རེ་བཞིན་མངོན་འགྱུར་བྱེད་ཀྱི་ཡིན་ཞེས་གསུངས།
      བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཡེ་ཤེས་དབང་རྒྱལ་གྱིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་བལྟས་རྗེས་ལྕག་སྐུལ་ཆེན་པོ་ཐེབས་བྱུང་ལ། འདི་ལོ་སྤེལ་རྒྱུའི་ལས་དོན་ཁག་ལའང་ཡིད་ཆེས་ཀྱིས་ཁེངས་སོང་། ངེས་པར་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་བླང་བྱར་གཞིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་ཞབས་འདེགས་ཞུ་བ་གཙོ་རྐང་དུ་བཟུང་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། བྱས་པའི་རྗེས་དང་དྲུད་པའི་ཤུལ་གྱི་དད་སེམས་ལ་བརྟེན་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ལས་དོན་ཁག་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་སེར་གྱི་རེ་འདོད་རེ་རེ་བཞིན་མངོན་འགྱུར་བྱེད་གྱི་ཡིན་ཞེས་གསུངས་པ་རེད།
      ལྗོངས་ཡོངས་ཀྱི་ས་གནས་ཁག་དང་འཐབ་ཕྱོགས་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགན་འཁྲི་གསར་པ་ལག་ལེན་བསྟར་བ་དང་བྱས་རྗེས་གསར་པ་གསལ་པོར་མངོན་པར་བྱས་ནས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཏེ། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་ཡིད་ཆེས་ཆེན་པོ་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།