ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > མི་དམངས་འཐུས་ཚོགས།

ཁོང་རྣམ་པ་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་པ།

སྤེལ་དུས 2024-03-12 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

            དཔྱིད་ཀྱི་དཔལ་ཡོན་བཞད་པའི་ཟླ་གསུམ་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ནས་རྒྱལ་ས་པེ་ཅིང་དུ་མཉམ་འཛོམས་ཀྱིས་མཉམ་དུ་རྒྱལ་དོན་གླེང་གནང་བ་རེད། གཞི་རིམ་གྱི་འཐབ་ས་དང་པོ་ནས་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་པ་དང་མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་པའི་རྒྱ་ཆེའི་གཞི་རིམ་འཐུས་མི་ཚོས་འགན་འཁྲི་ནན་ཏན་སྒྲུབ་པ་དང་འབད་འབུངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ནན་ཅིན་གྲོང་ཁྱེར་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་ཀྲང་ཅུན་ཅེ(མདུན་གྱི་གཡས)རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཅང་སུའུ་འཐུས་མི་ཚོགས་པའི་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་ཚོགས་འདུར་ཞུགས་ཤིང་། ཁོང་གིས་རིམ་ཁག་འཕྲོད་བསྟེན་བདེ་ཐང་གཙོ་འགན་དོ་དམ་སྡེ་ཚན་དང་དེ་བཞིན་སྨན་ཁང་གིས་ཕྱོགས་མང་པོ་ནས་དམ་འཛིན་བྱས་ཏེ་དོ་དམ་མ་ལག་ཟམ་མི་ཆད་པར་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།

རྩོམ་སྒྲིག་པ། རིག་གྲོལ།