ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > པར་རིས།

འགོ་ཚུགས་འདུག་གོ།

སྤེལ་དུས 2024-03-05 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
    དེ་རིང་ཕྱི་དྲོའི་ཆུ་ཚོད་གསུམ་པར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད།
    ཕྱི་དྲོའི་ཆུ་ཚོད་2པ་ཙམ་ལ། གཟབ་མཆོར་ལེགས་པར་སྤྲས་པའི་རང་ལྗོངས་ཀྱི་ཨུ་ཡོན་རྣམ་པས་རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་2000ལྷག་ཙམ་དང་ལྷན་དུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་འགོ་ཚུགས་ཚོགས་འདུར་ཞུགས་པ་རེད།
    ཨུ་ཡོན་རྣམས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་དང་མཛེས་སྡུག་ལྡན་པའི་རེ་སྒུག་ཡིད་ལ་བརྟན་པོར་བཅངས་ནས་བློ་སྟོབས་ཆེར་བསྐྱེད་ཀྱིས་ཚོགས་རར་ཕེབས་པ་རེད།

    མ་འོངས་པའི་ཉིན་དྲུག་གི་ཚོགས་འདུའི་རིང་། ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་དང་། རྒྱལ་དོན་མཉམ་གྲོས་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཐབས་ཇུས་བཟང་པོ་འདོན་པ་དང་། ཐབས་ཇུས་ངོ་མ་འདོན་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།