ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > སྲིད་གྲོས་ཚོགས་འདུ།

བོད་རང་སྐྱོང་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གིས་འབྲེལ་གཏུག་ཞབས་ཞུ་ཡག་པོ་བྱས་ནས་འབད་འབུངས་ཡར་བརྩོན་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བ།

སྤེལ་དུས 2024-03-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

              2023ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲོལ་དཀར་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས།

              ཚོགས་འདུ་མ་འཚོག་གོང་བརྟག་ཞིབ་དང་བཅར་འདྲི་ཐེངས་མང་བྱས་རྗེས། སྒྲོལ་དཀར་གྱིས་བོད་ལྗོངས་ཀྱིས་ཇི་ལྟར་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་ཁོང་གིས་རྒྱུས་མངའ་ཆེ་ཤོས་བྱེད་པའི་ཁྱབ་ཁོངས་ཤིག་དང་། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་འགངས་ཤིན་ཏུ་ཆེ་བའི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་རེད། དེར་བརྟེན། ཁོང་གིས་ཁ་ཕྱོགས་གཏན་འཁེལ་གྱིས་སེམས་ནུས་ཡོད་རྒུས་བརྗོད་དོན་གཙོ་བོ་དེར་དམིགས་ཏེ། ཚོགས་འདུའི་གྲོས་གཞིར་གྲ་སྒྲིག་ཞིབ་ཚགས་གནང་། བརྩོན་འགྲུས་ལྡན་ན་མི་འགྲུབ་བྱ་བ་གང་ཡང་མེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྒྲོལ་དཀར་གྱིས་ཕུལ་བའི་སྒེར་གྱི་གྲོས་གཞི་གཉིས་ཀ་བེད་སྤྱོད་དང་དོན་འཁྱོལ་བྱས་པ་རེད།

              ལོ་གཅིག་རིང་གི་ལས་ཀར་ཕྱིར་མིག་ལྟ་སྐབས། སྒྲོལ་དཀར་གྱིས་གསར་འགོད་པར་རང་ཉིད་ལ་ཐོབ་པའི་གྲུབ་འབྲས་དེ་དག་རང་སྐྱོང་ལྗོངས་སྲིད་གྲོས་དང་དེ་བཞིན་སྲིད་གྲོས་གཞུང་དོན་ཐིང་གི་ཞབས་ཞུ་འགན་ལེན་དང་ཁ་འབྲལ་ཐབས་མེད་ཅེས་བཤད།

              སྲིད་གྲོས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་སྲིད་གྲོས་གཞུང་དོན་ཐིང་ནི་སྲིད་གྲོས་ཀྱི་དོན་གཅོད་སྒྲིག་གཞི་ཡིན་པ་དང་། ལས་ཁུངས་ཀྱི་འཁོར་རྒྱུག་ཁྲོད་སྔ་འཛིན་ཕྱི་མཐུད་དང་ཕན་ཚུན་མཐུན་སྦྱོར་གྱི་ནུས་པ་ཐོན་ཡོད།

              སྔ་ཕྱི་བར་གསུམ་དུ་རང་སྐྱོང་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གིས་བོད་ལྗོངས་སུ་བཞུགས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་རྒྱུ་དེ་རྒྱུན་གཏན་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་གཏུག་གི་ཐབས་ལམ་རྒྱ་ཆེར་གཏོང་བ། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བོད་ལྗོངས་སུ་བཞུགས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་དང་། དམངས་གཙོ་ལྟ་སྐུལ། གནས་ཚུལ་ཤེས་རྟོགས་དང་སྲིད་གཉེར། རང་འགན་གཙང་སྒྲུབ་བཅས་ལ་ལས་སྟེགས་བཟང་པོ་བསྐྲུན་པ་དང་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།

              2023ལོར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བོད་ལྗོངས་སུ་བཞུགས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ནས“གསར་བརྗེའི་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་འཛུགས་སྐྲུན”དང“མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན”སོགས་བརྗོད་དོན་གཙོ་བོར་དམིགས་ནས་བརྟག་ཞིབ་བྱེད་སྒོ་ཐེངས་6སྤེལ་བ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཆེད་དོན་བཞུགས་མོལ་ཚོགས་འདུ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྒོ་དབྱེའི་ཉིན་མོ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ་སོགས་ལྗོངས་ནང་ཁུལ་གྱི་འབྲེལ་ཡོད་ཚན་པས་སྒྲིག་འཛུགས་བྱས་པའི་བཞུགས་མོལ་ཚོགས་འདུ་དང་བརྟག་ཞིབ་བྱེད་སྒོར་གདན་ཞུ་བྱས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་བོད་ལྗོངས་ཀྱི་ལོ་གསར་བསུ་བའི་ཇ་སྟོན་ཚོགས་འདུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་མི་སྣའི་མཐུན་འབྲེལ་ལྷན་ཚོགས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་དབྱར་དུས་མཐུན་འབྲེལ་ལྷན་ཚོགས་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་“དཔེ་ཀློག་སྲིད་གྲོས”ཀྱི་དཔེ་ཀློག་བྱེད་སྒོ རང་སྐྱོང་ལྗོངས་སྲིད་གྲོས་ཀྱི“བོད་ལྗོངས་སྲིད་གྲོས་ཀྱི་འཆད་ཁྲིད་ཁང”སོགས་ལ་གདན་ཞུ་བྱས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། ཆེད་དོན་གྲོས་ཚོགས། རིགས་ཁོངས་ཀྱི་བཞུགས་མོལ་ཚོགས་འདུ། འབྲེལ་ཡོད་རྟེན་འབྲེལ་བྱེད་སྒོ་སོགས་གལ་ཆེའི་ཚོགས་འདུ་དང་བྱེད་སྒོར་ཟུར་ཞུགས་བྱེད་མཁན་མི་ཐེངས་80ལྷག་ཙམ་སྒྲིག་འཛུགས་བྱས་ཡོད།

              རང་སྐྱོང་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གི་ཞབས་ཞུ་འགན་སྲུང་དང་ཇུས་འདོན་མཐུན་སྦྱོར་འོག བོད་ལྗོངས་སུ་བཞུགས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོར་ཧུར་ཐག་ཞུགས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་གང་ཐུབ་བྱས་པས། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་དང་གཟུགས་བརྙན་བཟང་པོ་མངོན་ཡོད།

              དཔྱིད་ཀྱི་དཔལ་ཡོན་གང་སར་བཞད་པའི་དུས་འདིར་2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་གཞུང་དོན་ཐིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་དང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་འབྲེལ་གཏུག་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་པ་དང་། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། འབད་འབུངས་ཡར་བརྩོན་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། རྒྱ་ཆེའི་ཨུ་ཡོན་ཚོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། “བོད་ལྗོངས་ཀྱི་གཏམ་རྒྱུད”ཡག་པོ་བརྗོད་པ་བཅས་ལ་ཁྲིད་སྟོན་བྱེད་པ། བོད་ལྗོངས་ཀྱི་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་འགན་འཁྲི་སྒྲུབ་པའི་སྤུས་རྟགས་གཏོད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།


རྩོམ་སྒྲིག་པ། རིག་གྲོལ།