ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2025ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > དཔྱད་གཏམ།

མི་དམངས་དམངས་གཙོའི་བསམ་ཚུལ་མི་དམངས་ཀྱི་ཆེད་དུ་གླེང་བ།

སྤེལ་དུས 2025-03-10 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དུས་བཀག་ལྟར་འཚོཌ་ཤིང་། ཁྲུང་ཆིང་འཐུས་མི་ཚོགས་པ་དང་མཉམ་དུ་པེ་ཅིང་དུ་ཚོགས་འདུར་ཞུགས་པའི་ལམ་བར་དུ། ལ་ལས་གྲོང་གསེབ་ཏུ་བརྟག་ཞིབ་ལ་ཕྱིན་པའི་མཐོང་ཐོས་སྐོར་གླེང་བ་དང་། ལ་ལས་མིས་བཟོས་རིག་ནུས་ཀྱིས་ཐོན་སྐྱེད་དང་འཚོ་བར་ཐེབས་པའི་ཤུགས་རྐྱེན་གླེང་བ་སོགས་ཚང་མས་མི་སེར་གྱི་བདེ་སྡུག་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་གནས་ཚུལ་གླེང་ཞིང་། དེ་དག་ནི་མི་སེར་དཀྱུས་མའི་བསམ་འདུན་དང་རེ་སྒུག་རེད། དེ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་རེད།
  བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་མི་དམངས་ལ་ཐུག་ཡོད། ངས་ཡུན་རིང་དོ་ཁུར་དང་ཞིབ་འཇུག་བྱས་པའི་དམངས་གཙོའི་ཁྲིམས་འཛུགས་ལ་མཚོན་ན། ཉེ་བའི་ལོ་འགའི་རིང་ཐོགས་མེད་ཀྱི་ཁོར་ཡུག་འཛུགས་སྐྲུན་སྐོར་གྱི་བཅའ་ཁྲིམས་བཟོ་བ་ནས་དབང་པོ་སྐྱོན་ཅན་དང་རྒན་རྒོན་གྱི་སེམས་ཁྲལ་དང་། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་དང་སློབ་གནས་བཅའ་ཁྲིམས་བཟོ་བ། སྤྱི་ཚོགས་ཐོག་གླེང་མང་བའི་སློབ་ཞུགས་གོང་གི་སློབ་གསོའི་ཀུན་ཕན་རང་བཞིན་གྱི་ཐོན་ཁུངས་མི་འདང་བ་དང་སློབ་གནས་དོ་དམ་ལམ་ལུགས་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ལ་ལན་བརྒྱབ་པའི་བར། མདོར་ན“མི་དམངས”ཞེས་པའི་ཡིག་འབྲུ་གཉིས་ལ་ཐོག་མཐའ་བར་གསུམ་དུ་བསམ་གཞིག་བྱེད་བཞིན་ཡོད།
  ཉེ་བའི་ལོ་ཤས་རིང་། རྒྱ་ཆེའི་མང་ཚོགས་གོ་རིམ་ལྡན་པའི་ངང་སྤྱི་པའི་ལས་དོན་ནང་ཞུགས་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དཔེར་ན། ཏང་འཛུགས་སྐྱོང་གིས་གཏུག་བཤེར་འབྱོར་མ་ཐག་བདག་སྤྲོད་བྱེད་པའི་སྒྱུར་བཅོས་ལ་སྣེ་ཁྲིད་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་མང་ཚོགས་ཀྱི་རེ་འདུན་ལ་བརྟེན་ནས་ཤིན་ཏུ་ཆེ་བའི་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་སྐུལ་འདེད་བཏང་ཡོད། དཔེར་ན། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་བཙུགས་ནས་གཞི་རིམ་མང་ཚོགས་ཀྱི་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་དེ།“ཁྲིམས་འཛུགས་ཐད་གཏོང་རླངས་འཁོར”དང་འབྲེལ་མཐུད་ཐུབ་ཡོད། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུཌ་ལས་དོན་ཨུ་ལྷན་གྱི་གཞི་རིམ་ཁྲིམས་འཛུཌ་འབྲེལ་གཏུག་ས་ཚིཌ་རེད། ངས་བཅའ་ཁྲིམས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་ཚོགས་འདུར་ཐེངས་མང་ཞུགས་པ་ཡིན་ལ། མང་ཚོགས་ཀྱིས་བཏོན་པའི་ཐབས་མཆོག་མང་པོ་ཞིག་ད་ལྟའང་བག་ཆགས་ཟབ་མོ་འདུག
  དམངས་གཙོ་ནི་མི་དམངས་ཀྱི་འདོད་བློ་གང་ལེཌ་མཚོན་པ་ནས་འགོ་ཚུགས་པ་དང་མི་དམངས་ཀྱི་འདོད་བློ་ནུས་ལྡན་ངང་མངོན་འགྱུར་ཐུབ་པའི་བར་དོན་འཁྱོལ་བྱེད་དགོས། ཉིན་གཉིས་གོང་གྲངས་གཞིའི་སྐོར་ཞིག་ལ་ང་རང་དོ་སྣང་བྱུང་བ་སྟེ། 2024ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གི་འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་5000ལྷག་ཙམ་དང་ལེན་བྱས་པ་དང་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་2000ལྷག་ཙམ་བཏོན་པ་ལ་སོགས་དེ་དག་ལས་མི་དམངས་ཀྱི་ཆེད་དུ་བསམ་གཞིག་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐོག མི་དམངས་དམངས་གཙོའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་གླེང་བ་གསལ་བཤད་གང་ལེགས་བྱུང་ཡོད།
  (རྩོམ་པ་པོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་བཅས་ཡིན)