ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2025ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > དཔྱད་གཏམ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འགན་ཧུར་ཐག་འཁུར་བ།

སྤེལ་དུས 2025-03-10 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  “‘ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱེད་པར་དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་དགོས”
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཅང་སུའུ་ཡི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་ཅང་སུའུ་ཡིས་ལས་འགན་གཙོ་བོ་འཁུར་རྒྱུ་དང་གྲུབ་འབྲས་དེ་བས་ལེགས་པ་ཐོབ་རྒྱུའི་རེ་བ་ཡོད། ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
  འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་།“བརྟན་པོའི”རྣམ་པ་སྲ་བརྟན་དང་རྒྱུན་མཐུད་བྱུང་བ་དང“ཡར་རྒྱས”ཀྱི་གོམ་སྟབས་བརྟན་པོ་དང་ནུས་ལྡན་བྱུང་བ་དེ་ནི་དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁ་འབྲལ་ཐབས་མེད།
  མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་གཏན་འཁེལ་མེད་པའི་རང་བཞིན་དང་འགྲན་སློང་མང་པོ་འཕྲད་ཡོད་པས། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“དཔལ་འབྱོར་ཞིང་ཆེན་ཆེན་པོས་ལས་འགན་གཙོ་བོ་འཁུར་རྒྱུར་རྒྱབ་སྐྱོར་དང་ས་ཁུལ་གཞན་དག་གིས་ཡུལ་བབ་དང་བསྟུན་ནས་རང་སོ་སོའི་དགེ་མཚན་མངོན་པར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་ཡང་དག་བཙལ་ནས་ཡིད་ཆེས་བརྟན་པོ་དང་དཀའ་ངལ་ཁྱད་བསད་ཀྱིས་འབད་བརྩོན་བྱས་ཚེ་ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་འགྲུབ་ཐུབ་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པར་རྨང་གཞི་བརྟན་པོ་གདིང་ཐུབ་ངེས་རེད།
  ཀོང་ཏུང་གིས་སྔོན་སྐྱོད་ཀྱི་བསམ་བློ་དང་དཔེ་སྟོན་གྱི་འགན་འཁྲིར་བརྟེན་ནས་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། 2024ལོར་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་9ཡི་འགག་སྒོ་ལས་སྒྲོལ་ནས་དུས་མཚུངས་ལས་9.8%འཕར་བ་དང་རྒྱལ་ཡོངས་ཀྱི་ཉོ་ཚོང་འཕར་ཚད་བཅུ་ཆ་བཞི་ཙམ་ལེགས་སྐྱེས་སུ་ཕུལ་ཡོད།
  ཅང་སུའུ་ཡིས“ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཡུལ་ས་གལ་ཆེན་གཏོད་པའི”ལས་འགན་གལ་ཆེན་འདིར་དམིགས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་2024ལོར་རྒྱལ་ཁབ་ཀྱི་ཆེད་ཞིབ་ཁྱད་གསར་བཞི་ལྡན་པའི་ཁེ་ལས་711གསར་དུ་བསྣན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
  ཧྲན་ཏུང་གིས་བྱང་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་གལ་ཆེན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་པ་དང་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་བྱ་སྤྱོད་དང་རྒྱ་མཚོའི་དཔལ་འབྱོར་ལ་བརྟེན་ནས་ཕྱོཌ་བསྡུས་སྟོབས་ཤུགས་ཆེ་རུ་བཏང་ནས་དེང་རབས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་པས། 2024ལོར་རྒྱ་མཚོའི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་1.8ཟིན་རྒྱུ་རེད།
  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གནས་གཏན་འཁེལ་ཡང་དག་བཙལ་ནས་ལས་འགན་གཙོ་བོ་འཁུར་བར་འགག་རྩ་ནི་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་རྒྱུར་ཐུག་ཡོད།
  ཧུའུ་པེས་རང་འགུལ་ངང་རྒྱལ་ཡོངས་ཀྱི་གསར་གཏོད་སྦྲེལ་ཐག་དང་མཉམ་འདྲེས་བྱས་ཏེ་ཉིང་ལྷེབ་གསོག་འཇོག་དང་སྙིང་སྟོང་འོད་ཁྲིད་ཚི་སྐུད་སོགས་ལག་རྩལ་གསར་པ་འཛམ་གླིང་ཐོག་སྔོན་ཐོན་དུ་གྱུར་ཏེ། “དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་འཐབ་ཇུས་ཀྱི་རྟེན་ས་གལ་ཆེན་མགྱོགས་མྱུར་བསྐྲུན་ཡོད”
  ལེའོ་ཉིང་གིས“ཐོན་ལས་དང་པོ་བརྟན་དུ་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་གསུམ་པར་ཤུགས་སྣོན་རྒྱག་པ”བཅས་བྱས་ཏེ། ཕྱོགས་ཡོངས་དར་རྒྱས་ཀྱི་འགག་སྒྲོལ་གསར་པའི་ལོ་གསུམ་བྱ་སྤྱོད་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོར“5%ཡན་འཕར་རྒྱུ”བཏོན་ཡོད།
  ཧྲའན་ཤིས་ཀྱིས་རང་འགུལ་ངང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྱོང་ནང་ཞུགས་ཏེ“ཟོག་འགྲེམས་དང་། ཚོང་དོན། དངུལ་རྩ། ཐོན་ལས་བཅས་ཟུང་དུ་འབྲེལ་བའི”ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་དཔལ་འབྱོར་ཁུལ་བསྐྲུན་ཡོད།
  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ནས་འགོ་བརྩམས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་གལ་ཆེའི་འཐབ་ཇུས། བྱེད་པོའི་ནུས་པའི་ཁུལ་གྱི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཐབ་ཇུས་གསར་པ་སོགས་ལག་བསྟར་གཏིང་ཟབ་བྱས་ཡོད། དེས་ས་གནས་ཁག་ས་གནས་དེ་གའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཆ་རྐྱེན་སྐྲུན་པ་དང་། གོ་སྐབས་འདོན་པ། བར་མཐོངས་གཏོད་པ་བཅས་བྱས་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཔལ་འབྱོར་ཞིང་ཆེན་ཆེན་པོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་འགན་འཁྲི་དེ་བས་ཆེ་བ་འཁུར་དགོས”ཞེས་གསུངས་ཡོད། ཏང་ཀྲུང་དབྱང་གི་འཐབ་ཇུས་འཆར་འགོད་དང་སྤྱི་འདོམས་ཇུས་བཀོད་འོག་ས་ཁུལ་སོ་སོར་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་གཅིག་དང་ཐ་ན་འགའ་ཞིག་ཡོད། རང་ངོས་ཀྱི་གནས་བབ་ཀྱི་ཁྱད་ཆོས་དང་། ཐོན་ཁུངས། ཐོན་ལས་ཀྱི་རྨང་གཞི། ཚན་ཞིབ་ཆ་རྐྱེན་སོགས་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་བེད་སྤྱོད་ཡག་པོ་དང་། འཐབ་ཇུས་མང་པོ་ཞིག་གི་བརྩེགས་སྣོན་ཕན་ནུས་འཕེལ་བ་བྱེད་པ། ཐུན་མོང་ཐོག་ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་གྱི་ལེའུ་གསར་རྩོམ་པ་བཅས་བྱེད་དགོས།
  མཇུག་བསྡུའི་ལོར་མཇུག་བསྡུའི་ཕན་ནུས་ལྡན་པ་བྱེད་དགོས། རང་འགུལ་ངང་སྤྱི་ཡོངས་དང་མཉམ་འདྲེས་དང་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུས་ནས། ས་ཁོངས་གཅིག་ལ་གཟི་བརྗིད་བསྣན་པས་ས་ཁོངས་སྤྱི་ཡོངས་ལ་གཟི་བརྗིད་བསྣན་ཡོད། ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་ཚེ། ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་དེ་རླུང་བརྟེན་རླབས་གཤགས་བྱས་ནས་བརྟན་ཁྲོད་རྒྱང་འཁྱོལ་ཐུབ་ངེས་རེད།