སྤྱི་བདེ་པུའུ་ཡིས་སྒྲུབ་འགན་འཁུར་བའི2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་འགོ་དང་གྲོས་གཞི743ཚང་མ་གཏན་འབེབས་ཀྱི་དུས་ལྟར་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད་པ་རེད།
འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་གཞན་དུ་གྱོད་སྒྲུབ་བྱེད་པར་རམས་འདེགས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་གྲོས་གཞི་དང་གྲོས་འགོར་དམིགས་ནས། སྤྱི་བདེ་པུའུ་ཡིས་གང་དེ་སྤྱི་བདེ་ལས་ཁུངས་ཀྱི་ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཚད་ལྡན་གྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་འཛིན་གྱི་མངོན་གསལ་དོད་པའི་གནད་དོན་ཞིབ་བཤེར་ཡོ་བསྲང་བཅོས་སྒྲིག་གཏིང་ཟབ་བྱས་ནས། དམིགས་སའི་རང་བཞིན་ཐོག་ནས་ལམ་སྲོལ་དང་བྱ་ཐབས་འཐུས་ཚང་དུ་བཏང་སྟེ་ཁྲིམས་འཛིན་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་རེད།
འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་ཉེན་རྟོག་དང་ཁེ་ལས་དབར་འབྲེལ་གཏུག་དམ་ཟབ་བྱ་རྒྱུའི་གྲོས་གཞི་དང་གྲོས་འགོར་དམིགས་ནས། སྤྱི་བདེ་པུའུ་ཡིས“དམངས་ལ་སྟབས་བདེ་བསྐྲུན་ཞིང་ཁེ་ལས་ལ་ཕན་འདོགས་པའི་ལས་དོན་ཁྲིད་སྟོན་ཁག་བཅུ”བཏོན་པ་དང་། སྔ་རྗེས་སུ་པེ་ཅིང་དང་ཐེན་ཅིན། ཀྲེ་ཅང་། ཧྥུ་ཅན་སོགས་སུ“ཁེ་ལས་སྲུང་སྐྱོང་དང་ཚོང་ལས་ལེགས་སུ་གཏོང་བའི”ཉེན་རྟོག་དང་ཁེ་ལས་ཀྱི་ངོ་ཐུག་ལྷུག་གླེང་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོར་ཉན་པ་དང་། དོན་ཚན་རེ་རེ་བཞིན་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱས་ནས་ཁེ་ལས་ཀྱི་རེ་འདུན་ལ་ལན་ཆ་ཧུར་ཐག་བྱས་ཡོད།
འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་ཚོང་ལས་གསང་བ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་གྲོས་གཞི་དང་གྲོས་འགོར་དམིགས་ནས། སྤྱི་བདེ་པུའུ་ཡིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད། བསམ་འཆར་དང་བྱ་ཐབས་ཞིབ་འཇུག་བྱས་ནས་བཏོན་པ་དང་། ཚོང་ལས་གསང་བ་སྲུང་སྐྱོང་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།
འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་རླངས་འཁོར་དང་ཁ་ལོ་བ་དོ་དམ་དང་། རིག་ནུས་དྲ་སྦྲེལ་རླངས་འཁོར་འཕེལ་རྒྱས་སོགས་ཀྱི་གྲོས་གཞི་དང་གྲོས་འགོར་དམིགས་ནས། སྤྱི་བདེ་པུའུ་ཡིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་སྲིད་ཇུས་དང་བྱ་ཐབས་ཁག7བཏོན་པ་དང་། རླངས་འཁོར་གྱི་དོ་བདག་ཁྲི20ཡིས“འགྲིམ་འགྲུལ་དོ་དམ12123”ཞེས་པའིAppབརྒྱུད་རྒྱལ་ཐོན་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཐོ་འགོད་བྱས་པ་དང་། རླངས་འཁོར་དོ་བདག་ཁྲི6000ལ་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་དཔྱད་སྤྲོད་བྱས་ཤིང་། ཕྱི་རྒྱལ་གྱི་མི་ཁྲི3.5ལ་གནས་སྐབས་ཀྱི་ཁ་ལོ་བའི་ལག་ཡིག་སྤྲད་པ་བཅས་མང་ཚོགས་བདེ་འཇགས་དང་སྟབས་བདེའི་ངང་འགྲོ་སྐྱོད་བྱེད་པར་ཞབས་ཞུ་ཏན་ཏིག་བསྒྲུབས་ཡོད།