ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2026ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > མི་དམངས་འཐུས་ཚོགས།

བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ཡག་པོ་བྱེད་དགོས།

སྤེལ་དུས 2026-03-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

             3ཚེས་7ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཞིང་བཟོ་དམངས་གཙོ་ཏང་དང་། དགུ་གསུམ་རིག་ཚོགས། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་ཞིབ། འཆར་གཞིའི་སྙན་ཞུ་དང་འཆར་ཟིན་དང་སྔོན་རྩིས་ཀྱི་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བཅས་བྱས་པ་རེད།  

   

  

             གྲོས་ཞིབ་གནང་རིང་། འཐུས་མི་ཚོས་དམངས་གཉེར་ཁེ་ལས་དང་མཐོ་སློབ་ཀྱི་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་དང་། ཐོན་ལས་ལ་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། འདྲི་གཅོད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས། རིག་དངོས་སྲུང་སྐྱོང་དང་མྱུར་སྐྱོབ། རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། གནས་ཐུབ་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། 

             ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ནན་ཏན་བླངས་ཏེ་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་དང་། བདེ་ཐང་གི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནསདམིགས་ས་ལྔའིབླང་བྱ་དོན་ཐོག་ཏུ་འཁྱོལ་བ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྗོངས་ཡོངས་ལ་ཁྱབ་པའི་གཞི་རྩའི་སྨན་བཅོས་མ་ལག་སྐྲུན་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། “དྲ་སྦྲེལ་དང་སྨན་བཅོས་བདེ་ཐང”ཟུང་འབྲེལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་དུ་ཁྱབ་པ་དང་སྙོམས་པོ་ཁྱབ་པར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་སྣ་མང་ཅན་དང་ཁྱད་པར་ཅན་གྱི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོ་ཧུར་ཐག་སྐོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར་དེ་བས་སྟབས་བདེ་དང་། དེ་བས་སྐྱིད་སྣང་། དེ་བས་འཐུས་ཚང་བཅས་ཀྱི་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་དང་། ཤེས་དཔལ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ས་མཐོའི་ས་ཁུལ་གྱི་ཡུལ་མིར་བཟའ་བཅའི་འཚོ་བཅུད་ཤེས་བྱ་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཆ་ལེགས་སུ་གཏོང་བ། ས་མཐོའི་ནད་མང་པོ་ཐོན་པའི་གནས་ཚུལ་ལེགས་བཅོས་བཅས་བྱས་ཏེ་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་དགོས། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ཆོས་དང་འཚམ་པའི་ཞབས་ཞུའི་མ་ལག་དང་ཞབས་ཞུའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྨན་བཅོས་ཤེས་ལྡན་པའིཚོགས་སྒྲིག་རྣམ་པའིབོད་སྐྱོར་ཟབ་ཏུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྨན་དོན་མི་སྣར་ཐུགས་ཁུར་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་ལ་གཙིགས་ཆེན་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།