འཐུས་མི་པད་མ་མཚོས་འབྲོག་པ་མང་ཚོགས་ཀྱི་འགྱུར་ལྡོག་གླེང་བ།
སྤེལ་དུས 2026-03-06
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་མཚོ་ནི་བོད་ལྗོངས་ཀྱི་འབྲོག་ཁུལ་དུ་ལོ་མང་པོའི་རིང་ལ་བརྟག་དཔྱད་བྱེད་མཁན་བྱེད་མྱོང་བའི་མིའི་རིགས་རིག་པའི་ཞིབ་འཇུག་པ་ཞིག་ཡིན། 2026ལོའི་ཚོགས་འདུ་གཉིས་ཀྱི་གོང་དུ། ཁོང་གིས་ཀྲུང་གོའི་གསར་འགྱུར་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས་སུ་བོད་ལྗོངས་ཀྱི་འབྲོག་ཁུལ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བརྗོད་བྱུང་།
ཁོང་གིས“ནག་ཆུའི་འབྲོག་པ་མང་པོ་ཞིག་གིས5Gཁ་པར་སྤྱོད་ཐུབ་པ་དང་། ཁོང་ཚོ་ཕྱུགས་འཚོ་བའི་སྐབས་སུ་བརྙན་ཐུང་ལེན་རྒྱུ་དགའ་པོ་ཡོད” “འབྲོག་པ་ཁ་ཤས་ཀྱིས་ཐད་གཏོང་བརྒྱུད་ནས་རང་ཉིད་ཀྱིས་བརྐོས་པའི་དབྱར་རྩྭ་དགུན་འབུ་ཕྱིར་ཚོང་བྱས་ནས་ལྷ་སར་ཁང་པ་ཉོས་ཏེ་ནང་མི་ཚང་མའི་འཚོ་བ་ཇེ་ལེགས་སུ་བཏང་ཡོད”ཅེས་གསུངས།
འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་ཕྱིན་པ་དེས་བོད་ལྗོངས་མི་དམངས་ཀྱི་འཚོ་བར་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་ཡོད། པད་མ་མཚོས། “ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད་ཀྱི་རིང་ལ། བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱིས་ནང་ཁུལ་གྱི་རིག་གནས་གསར་གཏོད་བྱེད་ཤུགས་ཆེས་ཆེར་འཕེལ་ནས། མང་ཚོགས་རང་སྟེང་ནས་གསར་གཏོད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་རྒྱུའི་འདུན་པ་བཅངས་བཞིན་ཡོད།