ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། > དཔྱད་གཏམ།

སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་རྟོག་ཞིབ་གནང་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་ཡོད།

སྤེལ་དུས 2025-04-09 ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། རྩོམ་པ་པོ།

        ཟླ6ཚེས18ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་མཛད། ཁོང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་ཙོང་ཁ་བརྩེ་ཆེན་དར་རྒྱས་དགོན་དུ་ཕེབས་ནས། ཡུལ་དངོས་སུ་སློབ་གསོའི་ལས་དོན་གྱི་ཤར་ནུབ་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོར་ཤུགས་སྣོན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། 

        ལོ་རྒྱུས་ཀྱི་གནས་ཚད་འདིར་བགྲེངས་ཚེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་སྐབས་འདིར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དམིགས་སུ་འཛིན་པའི་གལ་ཆེའི་དོན་སྙིང་ལ་ཤེས་རྟོགས་བྱེད་པར་རམ་འདེགས་བྱེད་ཐུབ།

        ལོ་བཅུའི་ཡར་སྔོན་སྟེ།  2014ལོའི་ཟླ5པར། ཐེངས་གཉིས་པའི་ཀྲུང་དབྱང་གི་ཞིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གསལ་བོར་བཏོན།

        དེའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ར་མི་འདྲ་བ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གལ་ཆེའི་ཆོད་གཏམ་འདི་རྒྱས་བཤད་གནང་བ་མ་ཟད། དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་སྣ་ཚོགས་ཀྱི་གཙོ་གནད་དུ་བཟུང་སྟེ་སྐུལ་འདེད་བཏང་ཡོད།

        གྲོས་ཚོགས་གལ་ཆེན་རབ་དང་རིམ་པ་འཚོགས་ནས། མི་རིགས་ལས་དོན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་ཡོད། ཐེངས་མང་པོར་མི་རིགས་ས་ཁུལ་དུ་རྟོག་ཞིབ་གཏིང་ཟབ་མཛད་ལ། སྡེ་བ་དང་སྡེ་ཁུལ། དགོན་སྡེ་སོགས་སུ་བསྐྱོད་དེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁུལ་གྱི་གཏན་བརླིང་འཕེལ་རྒྱས་དང་མཐུན་སྒྲིལ་ཡར་ཐོན་ལ་ཐུགས་ཁུར་གནང་ཞིང་། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན་ལ། དེ་ནི་རིགས་སོ་སོའི་མི་དམངས་མང་ཚོགས་རྣམས་སེའུ་འབྲུའི་རྡོག་ལྟར་མཐུན་སྒྲིལ་དམ་པོ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་དམིགས་འབེན་གཅིག་གི་ཆེད་དུ་འབད་འཐབ་བྱེད་དགོས་པའི་རེ་བ་བཏོན་ཡོད།

        ལོ་ངོ་བཅུའི་རིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། མི་རིགས་ས་ཁུལ་དབུལ་ཐར་འབྱོར་འབྲིང་དུ་བསྐྱོད་པ་དང་། རྣམ་པར་ཉིན་བཞིན་འགྱུར་ལྡོག་གསར་བ་བྱུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ལེའུ་གསར་བ་བརྩམས་པ་དེས། ཆོད་གཏམ་འདིའི་བདེན་ལུགས་ཀྱི་སྟོབས་ཤུགས་དང་ལག་ལེན་གྱི་ཟིལ་ཤུགས་མངོན་པར་བྱས་ཡོད།

        ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་མཚོ་སྔོན་དུ་རྟོག་ཞིབ་གནང་ལ། སྔ་རྗེས་སུ་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་མི་རིགས་སློབ་འབྲིང་ཞིག་དང་རྒྱ་བོད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བའི་དགོན་རྙིང་ཞིག་ཏུ་རྟོག་ཞིབ་མཛད་པ་དེས། སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་བྱེད་པ། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་མངོན་པར་མཚོན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཡང་བསྐྱར་ནན་བཤད་དང་ཡང་བསྐྱར་བཀོད་སྒྲིག་གནང་བ་ཞིག་ཀྱང་ཡིན།

        ཐེངས་འདིར་མཚོ་སྔོན་དུ་རྟོག་ཞིབ་མཛད་པ་ནི་ཏང་གི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་སྔོན་ཏག་ཏག་ལ་འཁེལ་ཡོད།

        ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གཙོ་གནད་དུ་བཟུང་སྟེ་ཞིབ་འཇུག་བྱེད་རྒྱུ་རེད།

        ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན་པས།   མི་རིགས་གཅིག་ཀྱང་མེད་མི་ཆོག

        རྒྱལ་ཡོངས་ལ་བལྟས་ན། མི་རིགས་ས་ཁུལ་གྱི་ཐོན་ཁུངས་ཀྱི་ཁྱད་སྟོབས་དང་འཕེལ་རྒྱས་ཀྱི་ཆ་རྐྱེན། ཞིབ་བསྡུར་གྱི་ལེགས་ཆ་བཅས་ལ་ཁྱད་པར་ཡོད་པ་དང་། མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཞེས་པའི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་ནུས་པའི་སྤྱིའི་བྱེད་ཐབས་འདི་ལ་དམ་པོར་དམིགས་ཏེ། ཐོན་ཁུངས་ཀྱི་ཁྱད་སྟོབས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཚོལ་ཞིབ་ཀྱི་ལེགས་ཆར་བསྒྱུར་ནས། འཕེལ་རྒྱས་ཁྲོད་ཐག་གཅོད་བྱེད་ཐབས་ལེགས་པོ་འཚོལ་ཞིབ་བྱེད་དགོས།

        ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་དང་ཞིན་ཅང་། ཀོང་ཞི་སོགས་མི་རིགས་ས་ཁུལ་དུ་རྟོག་ཞིབ་མཛད་པ་དང་།  ཡུལ་བབ་དང་བསྟུན་ནས་ས་ཁུལ་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ཇུས་འདིང་ཡོད།

        ཅི་ལྟར་མི་རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་ སྐུལ་འདེད་གཏོང་དགོས་པ་དང་།   མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་མཐོར་འདེགས་སུ་གཏོང་དགོས་པ། འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་འདྲེས་པར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པ། མི་རིགས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ། འགྲམ་རྒྱུད་ཀྱི་གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས་པ་སོགས་ལ། སྤྱི་ཁྱབ་ཧྲུའུ་ཅིས་ཐེངས་མང་པོར་བླང་བྱ་གསལ་བོ་བཏོན་ཡོད།

        གནད་དོན་གསར་བ་དང་འགྲན་སློང་གསར་བར་གདོང་གཏད་དེ། མུ་མཐུད་དུ་བཅོས་སྒྱུར་ཞེས་པའི་གནད་འགག་གི་བྱེད་ཐབས་འདི་བེད་སྤྱོད་ལེགས་པོ་བྱས་ནས། བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ཐག་གཅོད་བྱེད་དགོས།

        སྤྱི་ཁྱབ་ཧྲུའུ་ཅིའི་སེམས་ཁོངས་སུ། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ལ། ཁྱིམ་མི་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར།  མི་རིགས་སོ་སོས་ལག་གདང་སྦྲེལ་བ་དང་།  དཔུང་བ་མཉམ་གཤིབ་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་དགོས།

        དམིགས་འབེན་ཇི་ལྟར་རླབས་ཆེ་ན་ལས་འགན་དེ་ལྟར་དཀའ་ཚེགས་ཆེ་བ་དང་གནས་བབ་དེ་ལྟར་རྙོག་འཛིང་ཆེ་བ་ཡིན་པས།  ཕྱོགས་སོ་སོའི་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྲ་བརྟན་དུ་བཏང་སྟེ། བློ་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་མཉམ་བསྐྱེད་ཀྱིས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་ཐུབ་པའི་བཙན་རྫོང་བརྟན་པོ་ཞིག་བསྐྲུན་དགོས།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་རིགས་ས་ཁུལ་དུ་བསྐྱོད་པ་དེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ལ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་སྟོབས་ཤུགས་མཉམ་སྐྱེད་ཀྱིས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས་པ་ནན་གྱིས་བསྟན་ཡོད།