དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > གསར་འགྱུར་གལ་ཆེན།

ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།

སྤེལ་དུས 2020-11-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འགན་འཁྲི་ཁག་བགོས་ཀྱི་ཇུས་གཞི་བཟོས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
          ཉེ་ཆར་གསར་འགོད་པར་འབྲེལ་ཡོད་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགན་འཁྲི་ཁག་བགོས་ཀྱི་ཇུས་གཞི་བཟོ་རྒྱུར་ཞིབ་འཇུག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
          ལྷོ་ཁ་གྲོང་ཁྱེར་གྱིས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་འཇོག་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་དང་བདེ་འཇགས་ཡོང་བར་སྤྱི་འདོམས་བྱས་ནས་བདེ་འཇགས་ཡོང་བ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་མཉམ་ཤུགས་གསར་པ་ཆགས་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱས་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཡང་དག་པའི“ལྟ་བ་ལྔ”འཛུགས་རྒྱུར་ཁྲིད་སྟོན་བྱས་པ། ཆོས་ལུགས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་རྣམ་པ་གསར་པ་བཏོད་ནས“སྣེ་ཁྲིད”བྱེད་ཤུགས་ཆེ་རུ་བཏང་བ་དང་། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། གྲྭ་བཙུན་ལ་ཞབས་ཞུ་དོ་དམ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཁྲོད་སྒུལ་ནུས་གསར་པ་གཟབ་གཏོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཉིས་ཕན་ཚུན་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བ། འཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་མ་འཇོག་གི་ཁོར་ཡུག་རྒྱ་ཆེར་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་དེང་རབས་ཐོན་ལས་མ་ལག་འཐུས་ཚང་བཙུགས་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བའི་ཁྲོད་བདེ་སྐྱིད་གསར་པ་ལྡན་པ་ཡོང་བ་བྱས་ནས་ནུས་ཤུགས་ཡོད་རྒུ་དང་། ནུས་པས་ལྕོགས་ཚོད། བློ་གཅིག་སེམས་གཅིག ལྷག་བསམ་རྣམ་དག་བཅས་ཀྱི་སྒོ་ནས་ལས་ཞུགས་དང་། སློབ་གསོ། འཕྲོད་བསྟེན། རིག་གནས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ། རྒྱལ་ཁབ་ཀྱི་ས་ཆའི་བཀོད་པ་ལེགས་སུ་གཏོང་བའི་ཁྲོད་རྣམ་པ་གསར་པ་ཆགས་པ་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཆུ་བོའི་རྒྱུད་ཀྱི་ས་ཁུལ་དུ་འཕེལ་རྒྱས་ལ་སྣེ་ཁྲིད་དང་། དབུས་རྒྱུད་ས་ཁུལ་ལ་འཕེལ་རྒྱས་མྱུར་པོ། མཐའ་མཚམས་ས་ཁུལ་ལ་འཕེལ་རྒྱས་བརྟན་པོ་བཅས་ཡོང་བའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པ་བྱས་པ། སྣོད་བཅུད་ཤེས་དཔལ་ཁྱབ་ཁོངས་ཀྱི་སྤྱི་འདོམས་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཡང་འབད་བསྐྱར་འབད་ངང་བཏོད་པ། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་ཏེ། མཐའ་མཚམས་སྲུང་བ་དང་། བརྟན་དུ་གཏོང་བ། ཕྱུག་པོ་ཆགས་པ། སྟོབས་ཆེར་གཏོང་བ་བཅས་ཀྱི་ལེའུ་གསར་པ་ཞིག་བརྩམས་པ་བཅས་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།