ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བོད་ལྗོངས་ལག་རྩལ་སློབ་གླིང་དང་ཧྲན་ཏུང་ལན་ཞང་ལག་རྩལ་སློབ་གླིང་གི་མཉམ་ལས་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

སྤེལ་དུས 2019-11-12 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས་5ཉིན་གྱི་སྔ་དྲོ། བོད་ལྗོངས་ལག་རྩལ་སློབ་གླིང་གི་དུས་ཐེངས་དང་པོའི་སློབ་མ་ཧྲན་ཏུང་ལན་ཞང་ལག་རྩལ་སློབ་གླིང་དུ་སྐྱོད་པའི་རྩལ་ནུས་གསོ་སྦྱོང་གི་འགོ་ཚུགས་མཛད་སྒོ་བོད་ལྗོངས་ལག་རྩལ་སློབ་གླིང་གི་སྐབས་འཕྲལ་སློབ་ཁུལ་དུ་གཉེར་བ་རེད། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་བདུན་གྱི་ཞིང་འབྲོག་ན་གཞོན་སློབ་མ་80ཧྲན་ཏུང་ལན་ཞང་ལག་རྩལ་སློབ་གླིང་དུ་བསྐྱོད་ནས་དུས་ཡུན་ཉིན་60ཡི་ལས་གྲྭའི་འཕྲུལ་ཆས་གཏོང་སྟངས་གསོ་སྦྱོང་དང་གཡོས་སྦྱོར་གསོ་སྦྱོང་ལ་ཞུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་14ཉིན་བོད་ལྗོངས་ལག་རྩལ་སློབ་གླིང་གི་གྲབས་གསོག་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་ཧྲན་ཏུང་ལན་ཞང་ལག་རྩལ་སློབ་གླིང་དུ་བསྐྱོད་ནས་ད་ཐེངས་ཀྱི་གསོ་སྦྱོང་ལས་དོན་ལ་འབྲེལ་མཐུད་གྲོས་བསྡུར་བྱས་པ་དང་འབྲེལ། 《འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན》དང《མཉམ་འབྲེལ་སློབ་གཉེར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད། སློབ་གྲྭའི་དབར་མཉམ་ལས་གཏིང་ཟབ་བྱེད་པ་དང་། ཧྲན་ཏུང་ལན་ཞང་ལག་རྩལ་སློབ་གླིང་གི་ཕུན་སུམ་ཚོགས་པའི་སློབ་ཁྲིད་ཉམས་མྱོང་། དགེ་རྒན་གྱི་སྟོབས་ཤུགས་ལེགས་པོ་དང་སྔོན་ཐོན་གྱི་དངོས་སྦྱོང་སྒྲིག་ཆས་བཅས་བརྒྱུད། བོད་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་འཚམ་པའི་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་མི་སྣ་མགྱོགས་མྱུར་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།