ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

ཁྲེན་ཡུང་ཆིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་དགུ་པའི་སྣེ་ཁྲིད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

སྤེལ་དུས 2019-10-30 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་དགུ་པའི་སྣེ་ཁྲིད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལོ་གསུམ་གྱི་བོད་སྐྱོར་འཆར་འགོད་སྒྲིག་ཚུལ་གསན་ནས། ལས་ཀའི་ཉམས་མྱོང་སྤེལ་རེས་དང་། གནད་དོན་ལ་དབྱེ་ཞིབ་བཅས་གནང་བ་དང་སྦྲགས། གོམ་སྟབས་རྗེས་མའི་བོད་སྐྱོར་ལས་ཀར་བླང་བྱ་ཁ་གསལ་བཏོན་གནང་བ་རེད། ཁྲེན་ཡུང་ཆིས་བོད་སྐྱོར་སྣེ་ཁྲིད་པ་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོ་རེ་རེ་བཞིན་ལ་ལན་བསྐྱོན་པ་རེད།
           ཁྲེན་ཡུང་ཆིས་བསྟན་དོན། ལོ་གསུམ་གྱི་བོད་སྐྱོར་འཆར་འགོད་ནི་ཕྱོགས་བསྡུས་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་འཆར་འགོད་ཅིག་རེད། བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཐོག བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བསམ་འཆར་གང་ལེགས་ཉན་ནས། འཆར་འགོད་རྩོམ་སྒྲིག་ལས་དོན་ཏན་ཏིག་སྤེལ་དགོས། འགོ་འཛུགས་ས་དང་དོན་ལ་འབབ་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཁོང་དུ་བརྟན་པོར་ཆུད་པ་དང་། འཇུག་གཞི་ཡིན་པའི་རྣམ་གྲངས་ལ་དམ་འཛིན་ལྷོད་མེད་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། “མོས་སེམས་ལྔ”སྔར་བས་ཆེ་རུ་གཏོང་དགོས། ལས་ཀའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་གཅིག་གྱུར་མཐའ་འཁྱོངས་ཀྱིས་ལོ་གསུམ་གྱི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་ཟུང་འབྲེལ་བྱས་ཏེ། གལ་ཆེ་ཆུང་དང་ཛ་དྲག་ཆེ་ཆུང་དབྱེ་བ་དང་ཞན་ཆར་དམིགས་ནས། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། རྒྱས་བསྡུས་རན་པ། ཕྲ་རགས་འཚམ་པ་བཅས་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།