ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

ཐོག་མའི་བསམ་འདུན་མི་བརྗེད་པར་བདེ་ཐང་ལ་རོགས་རམ་བྱེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དམངས་འཚོར་སྐུལ་འདེད་བྱེད།

སྤེལ་དུས 2019-11-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་95ལོན་པའི་ཚོགས་ཆེན་སྟེང་། ཚང་མ་མདུན་དུ་སྐྱོད་ཀྱང་། བསྐྱོད་ཟིན་པའི་ལམ་བུ་བརྗེད་མི་རུང་། ཐག་ཅི་འདྲའི་རིང་པོའམ། འོད་སྟོང་འབར་བའི་མ་འོངས་པ་ག་འདྲར་སླེབས་ནའང་། བསྐྱོད་ཟིན་པའི་འདས་དུས་བརྗེད་མི་རུང་། ཅིའི་ཕྱིར་ལམ་ལ་ཆས་དོན་ཡང་བརྗེད་མི་རུང་ཞེས་ནན་གྱིས་བསྟན།
              ཟླ་9པའི་ཟླ་མགོར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་བོད་སྨན་ཁང་གིས་ཏང་ཡོན་ཡོངས་རྩ་འཛུགས་བྱས་ཏེ། བོད་ལྗོངས་བརྙན་འཕྲིན་ཁང་གིས་བརྙན་ཕབ་བྱས་པའི《ཚེ་གཅིག་གི་དམ་བཅའ》ཞེས་པའི་གློག་བརྙན་ལ་གཟིགས་མོ་མཛད། བརྙན་འཕྲིན་འདིར་དམངས་གཙོའི་བཅོས་བསྒྱུར་གྱི་ཡར་སྔོན་དུ་ཏང་ནང་ཞུགས་པའི་ཏང་ཡོན་རྒན་པས་ཐོག་མའི་བསམ་འདུན་བརྩིས་ཏེ་འགན་འཁྲི་འཁུར་བའི་འོད་སྟོང་འབར་བའི་ཚེ་གཅིག་བརྗོད་ཡོད་དེ། དམངས་གཙོའི་བཅོས་སྒྱུར་གྱི་ཡར་སྔོན་དུ་ཏང་ནང་ཞུགས་པའི་ཏང་ཡོན་རྒན་པ་8ཀྱིས་ཉམས་མྱོང་ངོ་མ་དང་བརྩེ་དུང་ཟབ་མོའི་གཏམ་བརྗོད་བརྒྱུད་ནས། བོད་རྙིང་པའི་རྗེས་ལུས་དང་མུན་ནག་ཐེར་འདོན་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བོད་དུ་བསྐྱོད་པ་ནས་བོད་མང་ཚོགས་ཀྱི་འཚོ་བ་སྐྱོ་སྡུག་ནས་བདེ་སྐྱིད་དང་། མུན་ནག་ནས་འོད་སྣང་གི་ཕྱོགས་སུ་འཁྲིད་པའི་འཕོ་འགྱུར་རླབས་པོ་ཆེ་མངོན་མཚོན་བྱས་ཡོད། གློག་བརྙན་ནང་གུང་ཁྲན་ཏང་ཡོན་རྒན་པ་8ཀྱི་གཏམ་རྒྱུད་ཀྱིས་ཧུའུ་ནན་ཞིང་ཆེན་གྱི་རེབ་དགུ་པའི་བོད་སྐྱོར་ལས་བྱེད་པ་ལི་ཡི་ཕིང་ལ་སེམས་འགུལ་ཟབ་མོ་ཐེབས་སུ་བཅུག  མོས་གློག་བརྙན་འདིར་ལྟ་བའི་གོ་རིམ་ཁྲོད། གུང་ཁྲན་ཏང་ཡོན་རྒན་པ་8ལ་ཚད་རིམ་མི་འདྲ་བའི་སོ་མེད་པའི་གནས་ཚུལ་ཡོད་པ་ཤེས། དེས་ཕྱིའི་རྣམ་པ་དང་། སྒྲ་འདོན་པ། ཟས་ལྡད་པར་ཤུགས་རྐྱེན་བཟོ་བར་མ་ཟད། ལུས་པོའི་བདེ་ཐང་ལའང་གནོད་པ་བཟོ་བ་རེད། རྒྱ་ཇ་ཁ་ལ་འཐུང་དུས། སྨུག་ཆུང་དྲེའུ་མི་བརྗེད་ཅེས་པའི་དཔེ་ལྟར། གུང་ཁྲན་ཏང་ཡོན་རྒན་པ་འདི་དག་གི་བརྟན་སྲུང་དང་གཞན་ཕན་གྱི་རྐྱེན་གྱིས་ ད་ལྟའི་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ལྟ་བུ་བྱུང་བ་ཡིན། ལི་ཡི་ཕིང་ནི་གུང་ཁྲན་ཏང་ཡོན་ཞིག་དང་། བོད་སྐྱོར་ལས་བྱེད་པ་ཞིག ཁ་ནད་སྨན་པ་ཞིག་ཡིན་པའི་ཆ་ནས། རྒན་རབས་པ་འདི་དག་ལ་སོ་བཟང་པོ་བཙུགས་ཏེ་ཁོང་ཅག་གི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཁོང་ཅག་གི་ཚེ་ཐག་རིང་བར་བྱ་བ། ཁོང་ཅག་ལ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་གིན་ཡོད་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཁོང་ཅག་བརྗེད་མེད་པར་ངེས་ཤེས་སྐྱེས་སུ་འཇུག་པའི་རེ་བ་ཆེ་བ་རེད།
              ཟླ་10པའི་ཟླ་མཇུག་ཏུ། ཧུའུ་ནན་ཞིང་ཆེན་རེབ་དགུ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁ་ནད་སྨན་པ་ཆེད་མཁས་པ་ལི་ཡི་ཕིང་གིས་སྣེ་ཁྲིད་དེ་རྩ་འཛུགས་བྱས་པའི་《ཚེ་གཅིག་གི་དམ་བཅའ》ནང་གི་གུང་ཁྲན་ཏང་ཡོན་རྒན་པ་དག་ལ་རིན་མེད་སོ་བཅོས་ཀྱི་བྱ་འགུལ་ཟངས་རི་རྫོང་དུ་སྤེལ། དེའི་ཁྲོད་དུ་གུང་ཁྲན་ཏང་ཡོན་རྒན་པ་བསོད་ནམས་ཕུན་ཚོགས་ད་ལོ་དགུང་ལོ་88ལ་སླེབས་ཡོད་ཅིང་། སོ་མེད་པར་ལོ་30འགོར། ནམ་རྒྱུན་རྩམ་པ་ཟ་བ་ལ་བརྟེན་ནས་འཚོ་བཅུད་སྲུང་འཛིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ཁོང་གི་ལྷོ་ཁའི་འཕེལ་རྒྱས་དང་འགྱུར་ལྡོག་དག་རྒྱུད་ཡོང་།  ལོ་ཟླའི་འགྱུར་བ་ཇི་སྙེད་ཅིག་བརྒལ་ཏེ་ད་ཆ་སོ་ཐམས་ཅད་ལྷུང་ཚར་བའི་རྒད་པོ་ཅིག་ཏུ་ཆགས་ཡོད། རྒན་པོ་ལོ་ན་བགྲེས་པས་འགྲོ་འོང་མི་བདེ་བར་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་དང་མཉམ་དུ། ཧུའུ་ནན་ཞིང་ཆེན་གྱི་རེབ་དགུ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་གཙོ་དང་། ལྷོ་ཁ་གྲོང་ཁྱེར་གྱི་འཕྲོད་བསྟེན་ཨུའི་ཀྲུའུ་རིན་གཞོན་པ་ཡོན་ཡུ་ཧུང་། ལྷོ་ཁ་གྲོང་ཁྱེར་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝང་གོ་ཙོ་བཅས་ཀྱིས་འཚམས་འདྲིའི་ལག་རྟགས་འཁྱེར་ནས་ཟངས་རི་རྫོང་འཁྲུངས་མདའ་གྲོང་ཚོར་རྒན་པོ་བསོད་ནམས་ཕུན་ཚོགས་ལ་མཇལ་དུ་ཕྱིན། ཆེད་མཁས་པས་རྒན་པོར་ལུས་ཕུང་བརྟག་དཔྱད་དང་ཁའི་བདེ་ཐང་བརྟག་དཔྱད་བྱས་པས། སོ་མེད་པར་ཡུན་རིང་པོ་འགོར་བ་དང་ལྕེ་རྒྱས་དྲགས་པས། མ་མགལ་བསྐུམས་པར་གྱུར་པ་མ་གཏོགས། གཞན་དག་རྒྱུན་ལྡན་ཡིན་པ་རྟོགས། ཁོ་ཚོས་སྔོན་ལ་ཁྱིམ་མིར་སོ་བཙུགས་རྗེས་དོ་སྣང་དགོས་པའི་དོན་དག་ཞུས་ཤིང་སྨན་བཅོས་གནས་ཚུལ་རྒྱུས་ལོན་གྱི་མོས་མཐུན་ཡི་གེར་ཡང་མིང་རྟགས་བཀོད།

བོད་སྐྱོར་སྨན་པ་ལི་ཡི་ཕིང་དང་ཏང་ཡོན་རྒན་པ་བསོད་ནམས་ཕུན་ཚོགས།
              ཟླ་10པའི་ཚེས་28ཉིན། ཧུའུ་ནན་ཞིང་ཆེན་གྱི་རེབ་དགུ་བའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁ་ནད་སྨན་པ་ཆེད་མཁས་པ་དང་། ལྷོ་ཁ་གྲོང་ཁྱེར་བོད་སྨན་ཁང་གི་སོ་ནད་ཚན་ཁག་གི་ཀྲུའུ་རིན་ལི་ཡི་ཕིང་གིས་འགོ་ཁྲིད་པའི་ཆེད་མཁས་པའི་རུ་ཁག་སླར་ཡང་བསོད་ནམས་ཕུན་ཚོགས་ཀྱི་ཁྱིམ་དུ་འབྱོར། དེ་དང་མཉམ་དུ་སླར་ཡང་འཚམས་འདྲིའི་ལག་རྟགས་ཁྱེར་ནས་ཏང་ཡོན་རྒན་པ་འདིར་གུས་འདུད་ཞུས།

ལི་ཡི་ཕིང་གིས་བསོད་ནམས་ཕུན་ཚོགས་ལ་སྨན་བཅོས་བྱེད་བཞིན་པ།
              སྨན་པ་ལི་ཡི་ཕིང་གིས་སྣེ་ཁྲིད་པའི་སྨན་པའི་རུ་ཁག་གིས་ཐེངས་འདིའི་བྱ་འགུལ་གྱི་སྔོན་དུ་སྟ་གོན་གྱི་བྱ་བ་རྒྱ་ཆེན་པོ་བསྒྲུབས། ཆེད་དུ་ཧུའུ་ནན་ཁྲང་ཧྲ་ནས་སྒྲིག་ཆས་དང་ཡོ་བྱད་སྣ་ཚོགས་བྱ་མ་རྟར་སྐྱེལ་དུ་བཅུག་ཅིང་། དེའི་ཁྲོད་སྒྲིག་ཆས་ཤིག་སྐྱེལ་འདྲེན་གྱི་ལམ་བར་ནས་ཆག་སྐྱོན་ཤོར། སྨན་བཅོས་ཀྱི་སྔ་དགོང་། རུ་ཁག་ཡོངས་ཀྱིས་སྒྲིག་ཆས་དེའི་ཚབ་བྱེད་བཙལ་བ་དང་། ལྷོ་ཁའི་སྡེ་ཁག་མང་པོའི་གཞོགས་འདེགས་མི་དམན་པ་འཐོབ། ལག་རྩལ་བ་གཉིས་རྒྱང་ཐག་རིང་པོ་ནས་ལྷོ་ཁར་འབྱོར་ཏེ། མགོ་ན་བ་དང་། བྲང་གཟེར་བར་མ་འཛེམ་པར། དབྱང་དབུགས་དམ་བེ་ལས་དབྱང་རྔུབ་ཞོར་ཚོགས་འདུ་འཚོགས་ནས་རྒན་པོ་ཁོང་ལ་སྨན་བཅོས་འཆར་གཞི་ཞིབ་ཅིང་ཕྲ་བར་བཟོས། སྨན་བཅོས་ཀྱི་ལས་རིམ་ཧྲིལ་པོ་དང་བར་མཚམས་ཀྱི་བཀོད་སྒྲིག  དངོས་རྫས་གཙང་བཟོ་བཅས་ལད་མོ་བྱས། རྒན་པོ་ལོ་ན་བགྲེས་པས་སྨན་བཅོས་ཀྱི་ཉེན་ཁ་ཆེ་བར་གཞིགས་ནས། བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཆེད་དུ་འབྲེལ་ཡོད་ཁོང་ནད་ཚན་ཁག་གི་ཆེད་མཁས་པ་དང་། བདག་སྐྱོང་གི་ཆེད་མཁས་པ་མངགས་ཏེ་རོགས་རམ་བྱེད་དུ་བཅུག  སྐད་བརྡ་མི་འཕྲོད་པར་དམིགས་ནས། གྲོང་ཁྱེར་བོད་སྨན་ཁང་གིས་ཁ་ནད་ཚན་ཁག་གི་ཀྲུའུ་རིན་སྒྲོལ་དཀར་ཆེད་དུ་མངགས་ཏེ་གོ་རིམ་ཧྲིལ་པོར་སྐད་སྒྱུར་བྱེད་དུ་བཅུག མྱུར་སྐྱོབ་ཀྱི་བྱ་ཐབས་སྐོར་ཞིག་ཀྱང་གཏན་འཁེལ་བྱས་ཏེ། ཁྱིམ་མི་དང་གྲོང་ཚོའི་ལས་བྱེད་པར་འབྲེལ་ཡོད་གནས་ཚུལ་ཐད་ཀྱི་འབྲེལ་འདྲིས་ཀྱང་བྱས། ཕྱོགས་སོ་སོའི་མོས་མཐུན་བརྒྱུད་ནས། རྒན་པོའི་མ་མགལ་གྱི་ཆེ་ཆུང་ལས་མ་དཔེ་བླངས་ཤིང་། ཤ་མདོག་ལྟར་སོ་མདོག་གདམ་ག་བྱས། ངོ་གདོང་གི་རིང་ཐུང་ལྟར་ཁ་བཙུམས་པའི་དྲང་འཕྱང་གི་བར་ཐག་དང་། བཙུམས་པའི་ཚད་འཇལ་བྱས། ཚོད་ལྟར་འདོགས་པའི་སོ་བཟོས་རྗེས་སོའི་ཚབ་མ་ཁའི་ནང་དུ་བཅུག་ནས་ཁ་འབྱེད་བཙུམས་ཀྱིས་སྙོམ་སྒྲིག་བྱས་ལ། སོའི་ཚབ་བྱེད་བཟོ་བ་ནས་འཇོག་པའི་བརྒྱུད་རིམ་ཧྲིལ་པོར་དུས་ཡུན་ཆུ་ཚོད་10ལྷག་འགོར། ནད་དཔེ་འདིས་མཐོ་སྒང་གི་ཆུའི་འཁོལ་ཚད་ཏུའུ་100ལ་མི་སླེབས་པ་དང་། སྒྲིག་ཆས་ཐབས་ཆག  ཁོར་ཡུག་སྡུག་པོ། རྒན་པོའི་ལོ་ན་བགྲེས་པ། སྐད་བརྡ་མི་འཕྲོད་པ་བཅས་ཀྱི་གནད་དོན་ཁྱད་བསད་ཐུབ་པ་བྱུང་། གོང་གི་གནས་ཚུལ་འདི་དག་ལ་དམིགས་ཏེ་ལག་རྩལ་མུ་མཐུད་དུ་ལེགས་སྒྱུར་བྱས་པས། འདི་ནི་བོད་ཀྱི་ས་ཆར་ཐོག་མར་BPSའཇུབ་ནུས་རང་བཞིན་གྱི་ཁའི་སོ་ཚབ་བཅུག་པ་དེ་ཡིན།
              རྒན་པོ་བསོད་ནམས་ཕུན་ཚོགས་ལ་སོ་ཚབ་བཟོས་པ་ནས་བཟུང་། བྱད་བཞིན་ལ་འགྱུར་བ་མངོན་གསལ་བྱུང་ལ། ཁ་གདངས་བཙུམས་སོགས་ཀྱི་གནས་ཚུལ་ཡང་ལེགས་པོ་ཡིན་པས། རང་སར་བ་དམ་དང་ཀུ་ཤུ་ཡང་ཟ་ཐུབ། རྒན་པོ་ཁོང་རབ་ཏུ་དགའ་སྟེ་སྙིང་ཐག་པ་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་། ཆེད་མཁས་པ་རྣམས་ཀྱི་སྨན་བཅོས་ལ་བཀའ་དྲིན་ཞུས། 

སྨན་བཅོས་རུ་ཁག་དང་རྒན་པོ་བསོད་ནམས་ཕུན་ཚོགས་བཅས་ཀྱིས་མཉམ་དུ་བསྐྱོན་པའི་འདྲ་པར།
              ཐེངས་འདིའི་སོ་ཚབ་འཇོག་པའི་བྱ་འགུལ་གྱིས་རྒན་པོ་ཁོང་ལ་སྒོར་ཁྲི་བཞིའི་སྨན་བཅོས་འགྲོ་གྲོན་མི་དགོས་པར་བཟོས་ཤིང་།དུས་ཚོད་ཡང་གྲོན་ཆུང་ཐུབ་ཡོད་ལ། ལས་ཆོད་མཐོན་པོའི་སྒོས་དཀའ་ལས་ཆེ་བའི་སྨན་བཅོས་ལེགས་འགྲུབ་བྱས། བྱ་འགུལ་ལ་ཧུའུ་ནན་ཞིང་ཆེན་གྱི་རེབ་དགུ་པའི་བོད་སྐྱོར་བྱ་བའི་རུ་ཁག་དང་། ལྷོ་ཁ་གྲོང་ཁྱེར་བོད་སྨན་ཁང་སོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་འཐོབ། དེ་ནི་བོད་སྐྱོར་སྨན་བཅོས་རུ་ཁག་གིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་ལག་བསྟར་དོན་འཁྱོལ་བྱས་པའི་མངོན་ཚུལ་བྱེ་བྲག་པ་ཡིན་ལ། བློ་མཐུན་ལི་ཡི་ཕིང་གིས“བོད་བསྐྱོད་པ་རྒན་པའི་སྙིང་སྟོབས”ལག་བསྟར་དང་དར་སྤེལ་བྱེད་པ་དང་། ལས་གནས་བརྟན་སྲུང་། འགན་འཁྲིའི་ཆོད་སེམས། ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། བྱ་བའི་རྣམ་འགྱུར་བཟང་ཤོས་ཀྱི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་འཇུག་པ་དང་། དུས་རབས་གསར་པའི“རྒྱང་སྐྱོད་ཀྱི་ལམ་བུ”ལ་ལེགས་པར་བསྐྱོད་པའི་གནས་ཚུལ་དངོས་མཚོན་པའང་ཡིན་ནོ།།
རྩོམ་སྒྲིག་པ། བདེ་སྒྲོལ།