ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་90.47%ཟིན་འདུག

སྤེལ་དུས 2019-11-20 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས། རྩོམ་པ་པོ།
      ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱིས་ལས་ཞུགས་འདི་ཉིད་ལས་འགན་ཨང་དང་པོར་བརྩིས་ནས། ལས་ཞུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང“ལས་ཞུགས་ཆེ་མོའི”རྣམ་པ་ཧུར་ཐག་བསྐྲུན་ཡོད། 

      ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་གནས་གསར་སྤེལ་བྱེད་པ། ཞབས་ཞུ་ལེགས་སུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་བས། “དྲ་རྒྱ་གཅིག་དང་། བགྲོད་ལམ་གཉིས། ལས་སྟེགས་གསུམ། འགན་ལེན་བཞི། ཁྱབ་པ་ལྔ”བཅས་ཀྱི་ལས་ཀའི་རྣམ་པ་རིམ་བཞིན་ཆགས་པ་དང་འཐུས་སྒོ་ཚང་བའི་སྲིད་ཇུས་མ་ལག་གི་དྲ་རྒྱ་འཛུགས་པ་དང་། ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་ལས་ཞུགས་ཀྱི་བགྲོད་ལམ་གཉིས་བཏོད་པ། སྤྱི་པའི་ལས་གནས་དང་། ཁེ་ལས་ཀྱི་ལས་གནས། གཞི་རིམ་གྱི་ལས་གནས་བཅས་ལས་སྟེགས་གསུམ་བསྐྲུན་པ། མིང་ངོ་མ་དང་། གདན་ཞུ། ལས་གཏོད། ལྗོངས་ཕྱི་བཅས་བཞིའི་ཞབས་ཞུ་འགན་ལེན་ཤུགས་ཆེར་བཏང་ནས། དྲིལ་བསྒྲགས་ཁྲིད་སྟོན་སློབ་གྲྭ་དང་། ཁེ་ལས། ཞིང་འབྲོག་ཁུལ། གྲོང་ཚོ་དང་གྲོང་ལྷན(སྡེ་ཁུལ)  ཁྱིམ་ཚང་བཅས་ལྔར་ཁྱབ་ཐུབ་པ་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་21189ལས་ཞུགས་ཐུབ་པ་དང་སྤྱིར་ལས་ཞུགས་ཐུབ་ཚད་90.47%ཟིན་ནས་དུས་མཚུངས་ལས་10.15%འཕར་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཁྲི་54.62དང་མི་ཐེངས་ཁྲི་103.11གཞན་སྒྱུར་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་99.31%དང་93.74%སོ་སོར་ལེགས་སྒྲུབ་བྱས་པ་དང་། ལས་ཞུགས་གཞན་སྒྱུར་ཡོང་འབབ་སྒོར་དུང་ཕྱུར་32.5བྱུང་ནས་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་102.2%ལེགས་སྒྲུབ་བྱུང་བ་དང་ལོ་ཧྲིལ་པོའི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་སྟོན་གྲངས་ཟླ་11པའི་ཟླ་མཇུག་གོང་གི་སྔ་སྣུར་དུ་ལེགས་སྒྲུབ་ཐུབ་རེ་ཡོད་པ་རེད། དེ་དང་ཆབས་ཅིག མི་འབོར་དབུལ་པོ་ཁྲི་1.8གསོ་སྦྱོང་བྱས་པས་ལོ་ཧྲིལ་པོའི་དམིགས་ཚད་100%ལེགས་སྒྲུབ་ཟིན་པ་དང་། མི་འབོར་དབུལ་པོ་ཁྲི་3.6ལས་ཞུགས་གཞན་སྒྱུར་ཐུབ་སྟེ་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་276.9%ལེགས་སྒྲུབ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་4.87ལས་ཞུགས་གསར་འཕར་བྱུང་ནས་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་97.4%ལེགས་སྒྲུབ་བྱུང་བ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་རིམ་གྱིས་མེད་པར་བཟོས་ཡོད། 

རྩོམ་སྒྲིག་པ་སྣང་རྡོར།