སྙི་སྟོད་སློབ་ཆུང་གིས་ཤེས་རིག་འགྲན་སྡུར་གྱི་བྱེད་སྒོ་སྤེལ།
སྤེལ་དུས 2019-11-20
ཡོང་ཁུངས། ཁམས་པའི་དྲ་བ།
རྩོམ་པ་པོ།
ཉེ་ཆར། སྙི་སྟོད་བཅའ་སྡོད་སློབ་ཡིག་སློབ་ཆུང་གི་ཤེས་རིག་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད། ཐེངས་འདིའི་འགྲན་སྡུར་གྱི་དམིགས་བྱ་ནི་སློབ་མའི་སློབ་སྦྱོང་གི་ཆུ་ཚད་གོང་མཐོར་དང་། སློབ་མའི་སྤྲོ་སྣང་སློབ་གསོ་འཕེལ་རྒྱས་གཏོང་ཆེད་ཡིན་ལ། སློབ་མའི་ཀླད་ཤུགས་ངལ་རྩོལ་དང་སློབ་མ་ཚོའི་བསམ་གཞིགས་དོགས་སློང་གི་ནུས་པ། སློབ་མའི་སློབ་སྦྱོང་གི་འཚོ་བ་སོགས་ཕུན་སུམ་ཇེ་ཚོགས་དང་།ཡར་རྒྱས་གཏོང་བར་ཅི་ལ་མིན། སློབ་མ་སློབ་སྦྱོང་གི་བྱ་བཞག་ལ་དགའ་མགུ་ལྡན་ཚེ། སློབ་མའི་ཤེས་རིག་གི་ཚད་ཐིག་ཡང་ཇེ་བཟང་ཡིན་ལ། དེ་ནི་བརྩོན་གང་དགེ་ལ་སྤྲོ་བ་ཡིན་པས། བྱ་དངོས་གང་ལ་སྤྲོ་བ་དང་མོས་པ་ཡོད་ཚེ། བརྩོན་སེམས་དང་གྲུབ་འབྲས་ཀྱང་མེད་ཐབས་མེད་པ་ཞིག་ཡིན་པས། དེའི་ཕྱིར་དགེ་རྒན་རྣམས་ཀྱིས་མི་རིགས་སྐད་ཡིག་གཙོ་བོར་བྱས་ཤིང་། སློབ་མའི་བློ་རིག་མཉེན་པོ་གཏོང་བ་སོགས་བྱ་བའི་ཡང་སྙིང་དུ་བཟུང་ནས་བསྒྲུབས་པ་ལེགས་སོ།།
སྙི་སྟོད་བཅའ་སྡོད་བོད་ཡིག་སློབ་གྲྭས་ཤེས་རིག་འགྲན་སྡུར་གྱི་བྱེད་སྒོ་ཕྱོགས་ལ་གཙིགས་ཆེན་བྱས་ནས་སློབ་གསོའི་མཁའ་ལམ་ཡངས་པོར་གཏོང་བཞིན། དགེ་སློབ་ཡོངས་ཀྱིས་རིག་གནས་རིན་ཐང་དང་། གནའ་དེང་རིག་པའི་འཇོན་ཐང་ཤེས་བྱ་ལ་ངོས་ཟིན་ལེགས་པོ་གནང་བཞིན་པའི་ཕྱོགས་སུ་བསྐྱོད་པ་ཙམ་མོ། སྐབས་འདིར་ཡང་། ཤེས་རིག་འགྲན་གླེང་གི་གོ་རིམ་ཞིབ་ཆ་ལྡན་ཞིང་། འཆར་གཞི་གཟབ་ནན་གྱི་སྤུས་ཀ་ལྡན་པའི་སྒོས་བྱ་བའི་མགོ་མཇུག་བར་གསུམ་ལེགས་པོར་གྲུབ་པ་ཞིག་ཡིན་ལ།ཐོག་མར་འགྲན་ཞུགས་སློབ་མ་དགུ་བཅུ་ཞུགས་ལ། དེ་ནས་འགྲན་རིམ་གཉིས་པར་སློབ་མ་ཉི་ཤུ་ཞུགས། དེ་ནས། ཡང་བསྐྱར་འགྲན་རིམ་གསུམ་པར་སློབ་མ་བཅུ་བཞི་ཞུགས་པ་ཡིན། དེ་ནས་རྟིང་རྩོད་དུ་སློབ་མ་བརྒྱད་ཞུགས་ལ། བྱ་དགའ་ཐོབ་པའི་སློབ་མ་གསུམ་བསལ་བ་ཡིན། འགྲན་སྡུར་ནི་དུས་ཚོད་ཀྱི་ཚད་འཛིན་བྱེད་ཅིང་། ནད་དོན་གྱི་ཐད་ནས་ལོ་རིམ་སོ་སོར་ལ་འཚམས་པའི་རྩིས་གཞི་ཤོག་བྱང་དུ་དྲིལ་ནས་རྒྱན་ཁུག་ཏུ་བཅུག་ཅིང་། དེ་རུ་དཀའ་སླ་སོགས་ཀྱི་ནང་དོན་ཡང་འདུས་ཤིང་གཞུང་གཡོ་བྲལ་གྱི་འགྲོ་ལུགས་ལྡན། དྲི་བ་ཡང་དག་ཞིག་ཡོང་དགོས་ལ། དེ་ནི་མགྱོགས་མྱུར་གཙང་གསུམ་དང་། ཡང་དག་བདེན་ཐོབ་བཅས་ཐོན་དགོས་བ་ཞིག་གོ།
ཐེངས་འདིའི་ཤེས་རིག་འགྲན་གླེང་འདི་ནི་སྙི་སྟོད་བཅའ་སྡོད་བོད་ཡིག་སློབ་ཆུང་གི་བོད་སྐད་ཡིག་སྡེ་ཁག་དང་རྒྱ་ཡིག་སྡེ་ཁག། གྲངས་རིག་སྡེ་ཁག་བཅས་སྡེ་ཁག་གསུམ་གྱིས་གཙོ་སྒྲུབ་བྱས་པ་ཡིན། རྒྱལ་ཁ་དང་གཟི་བརྗིད་ལྡན་པའི་ངང་ནས་མཇུག་ཡོངས་སུ་གྲོལ་བ་ཞིག་གོ།
རྩོམ་སྒྲིག་པ།སྣང་རྡོར།