ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

སྙིང་རྩ་འགག་པའི་ནད་འབྱུང་སླ་བའི་དུས་སྐབས་འགའ།

སྤེལ་དུས 2019-11-20 ཡོང་ཁུངས། བདེ་ཆེན་བོད་ཡིག་དྲ་བ། རྩོམ་པ་པོ།

      གློ་བུར་ཤི་བ་ནི་ང་ཚོའི་ཉེ་འགྲམ་དུ་མི་མངོན་པར་གནས་པའི་མི་གསོད་ཀྱི་ལག་དམར་ཞིག་དང་མཚུངས་པས། སེམས་ཁམས་ཀྱི་གནོན་ཤུགས་ཆེ་བའི་དེང་གི་དུས་འདིར་གློ་བུར་ཤི་བའི་མི་ཇེ་མང་ནས་ཇེ་མང་རེད།ཞིབ་འཇུག་ལས་མངོན་པ་ལྟར་ན།གློ་བུར་ཤི་བའི་མིའི་ཁྲོད་ཀྱི80%ནི་མགྱོགས་གཤིས་སྙིང་རྩ་འགག་པའི་ནད་ལས་བྱུང་བ་རེད། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ང་ཚོའི་སྙིང་ལ་ནུས་མེད་གཉོམ་ཞན་ཡིན་པའི་དུས་སྐབས་འགའ་ཡོད་པས།དུས་སྐབས་འདི་དག་གི་ནང་དུ་སྙིང་རྩ་འགག་པའི་ནད་འབྱུང་བར་མཉམ་འཇོག་བྱེད་དགོས།
      གཅིག རྒྱས་བཟའ་རྒྱས་འཐུང་བྱེད་པ།
      ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།སྙིང་རྩ་འགག་པའི་ནད་ཀྱིས་ཤི་བའི་ནད་པ13རེ་ཡི་ཁྲོད་དུ་ནད་མ་བྱུང་བའི་སྔོན་ཏག་ཏག་ལ་རྒྱས་བཟའ་རྒྱས་འཐུང་བྱེད་མཁན་གཅིག་རེ་ཡོད་པ་དང་།རྒྱས་བཟའ་རྒྱས་འཐུང་བྱས་རྗེས་ཀྱི་དུས་ཚོད་གཅིག་གི་རིང་ནི་སྙིང་རྩ་འགག་པའི་ནད་འབྱུང་བའི་ཉེན་ཁ་ཆེས་ཆེ་བའི་སྐབས་རེད།
      རྒྱུ་མཚན་ནི་རྒྱས་བཟའ་རྒྱས་འཐུང་བྱས་རྗེས་ཟས་རིགས་དེ་དག་འཇུ་བའི་ཆེད་དུ་ཁྲག་རྒྱུན་མང་པོ་ཕོ་རྒྱུའི་ཕྱོགས་སུ་བཞུར་བ་ཡིན་པས།སྙིང་ལ་འདོན་སྤྲོད་བྱས་པའི་ཁྲག་རྒྱུན་ལྟོས་བཅས་ཀྱིས་ཇེ་ཉུང་དུ་སོང་བའི་དབང་གིས། སྙིང་ལ་ཁྲག་གིས་མི་འདང་བའི་ཚད་ཇེ་མང་དུ་བཏང་བ་རེད།གལ་ཏེ་སྣུམ་བཟའ་ཚད་མཐོ་བ་དང་ཞག་ཚིལ་གྱི་རིགས་མང་དུ་འཕེལ་ན།ཁྲག་རྒྱུན་ཁྲོད་ཀྱི་ཞག་ཚིལ་འདུས་ཚད་མྱུར་དུ་ཇེ་མཐོར་སོང་སྟེ།ཁྲག་གི་རྒྱུག་ཚད་ཇེ་དལ་དུ་འགྲོ་བར་མ་ཟད་ཁྲག་རྡོག་ཏུ་གྱུར་ཏེ་སྙིང་རྩ་བསྒག་སྲིད།དེ་ལས་གཞན་ད་རུང་ཆང་མང་དུ་འཐུངས་ན་མིའི་ཀླད་པར་ངར་ལངས་པ་དང་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ།ཁྲག་ཤེད་ཇེ་མཐོར་འགྲོ་བ་སོགས་ཀྱི་གནས་ཚུལ་འབྱུང་སླ།
      འགོག་ཐབས། ཟས་ཐུན་རེ་རེར་རྒྱགས་ཆོད་པ་མི་བཟའ་བར་ཐུན་མང་ཉུང་བསྟེན་བྱེད་པ་དང་།བྲོ་རྫས་དང་ཞག་ཚིལ་ཉུང་བའི་ཟས་རིགས་བསྟེན་དགོས་ཤིང་།སྔོ་ཚོད་དང་སིལ་ཏོག་མང་དུ་བཟའ་བ་ལས།ཤའི་རིགས་ཉུང་དུ་བསྟེན་ཏེ་གང་ཐུབ་ཀྱིས་ཞག་ཚིལ་མང་ཞིང་ནུས་ཚད་མཐོ་བ།འཚོ་བཅུད་དམའ་བ་བཅས་ཀྱི་ཟས་རིགས་དང་རིང་དུ་གྱེས་དགོས།དཔེར་ན་ཞོགས་ཟས་དང་གུང་ཟས་བར་དང་ཡང་ན་གུང་ཟས་དང་དགོང་ཟས་ཀྱི་བར་དུ་སིལ་ཏོག་དང་འོ་བཟོས་ཟས་རིགས།ཡང་ན་སྲན་བཟོས་ཟས་རིགས་ཉུང་དུ་བསྟེན་ཆོག དེ་ལས་གཞན་ད་རུང་སྙིང་ནད་ཅན་གྱིས་ཆང་འཐུང་མི་རུང་ངོ་། །
      གཉིས།བཤང་བ་ཤུགས་ཀྱིས་བཙིར་བ།
      བཤང་བ་ཤུགས་ཀྱིས་བཙིར་བའི་སྐབས་སུ།གསུས་པའི་གནོན་ཤུགས་ཇེ་མཐོ་དང་ཁྲག་ཤེད་ཇེ་མཐོར་འགྲོ་ལ།དུས་མཚུངས་སུ་སྙིང་གི་ལྡིང་ཚད་ཀྱང་ཇེ་མཐོར་འགྲོ་བས།དེའི་སྐབས་སུ་སྙིང་གི་དབྱང་རླུང་ཟད་ཚད་ཇེ་མཐོར་འགྲོ་བ་དང་།སྙིང་ལ་དབྱང་རླུང་གིས་མི་འདང་བར་སྙིང་རྩ་འགག་པའི་གནས་ཚུལ་འབྱུང་བ་རེད།དེ་མིན་ད་རུང་ཁྲག་རྩའི་གནོན་ཤུགས་ཇེ་མཐོ་དང་ཁྲག་གི་རྒྱུག་ཚད་ཇེ་མགྱོགས་སུ་སོང་སྟེ།ཁྲག་རྩའི་ངོས་ཀྱི་ཁྲག་རྡོག་བཤལ་བ་དང་།ཁྲག་རྡོག་དེ་དག་གིས་ཁྲག་རྩ་བསྒགས་པ་དང་།ཐ་ན་སྙིང་རྩ་བསྒགས་ཏེ་གློ་བུར་ཤི་བའི་གནས་ཚུལ་འབྱུང་བ་རེད།
      འགོག་ཐབས།ཉི་མ་རེ་རེར་གང་ཐུབ་ཀྱིས་དུས་ཚོད་ངེས་ཅན་ནང་བཤང་བ་ཕུད་དགོས་པ་དང་།བཤང་བ་ཕུད་པའི་སྐབས་སུ་ཤུགས་ཀྱིས་བཙིར་མི་རུང་།བཤང་བ་འགག་པའི་སྐབས་སུ་སྨན་རྫས་བཀོལ་ཏེ་བཤང་བ་ཕུད་རོགས་བྱེད་དགོས་ལ།དུས་རྒྱུན་དུའང་སྔོ་ཚོད་དང་འབྲུ་རྩིང་མང་དུ་བཟའ་དགོས།
      གསུམ།ཁྲུས་བྱེད་པའི་སྐབས།
      ཁྲུས་བྱེད་པའི་སྐབས་སུ།ལུས་ཡོངས་ཀྱི་ཁྲག་རྩ་ཡོངས་རྫོགས་རྒྱས་ཡོད་པ་དང་།དུས་ཡུན་རིང་པོར་རླུང་མི་རྒྱུ་བ་དང་དབྱང་རླུང་དཀོན་པའི་ཁོར་ཡུག་ཏུ་བསྡད་ན།ཀླད་པ་དང་སྙིང་ལ་དབྱང་རླུང་གིས་མི་འདང་བའི་གནས་ཚུལ་འབྱུང་སླ།ཟ་མ་ཟོས་རྗེས་མྱུར་དུ་ཁྲུས་བྱེད་མི་རུང་།ཟ་མ་ཟོས་མ་ཐག་ཏུ་ཁྲག་རྒྱུན་འབོར་ཆེན་ཕོ་བའི་ཉེ་འགྲམ་དུ་འདུས་ཡོད་པས།ལུས་ཀྱི་གནས་གཞན་དག་ཏུ་ལྟོས་བཅས་ཀྱིས་ཁྲག་གིས་མི་འདང་བའི་གནས་སྐབས་སུ་ལུས་ཡོད།གཞན་ད་རུང་ལྟོགས་པའི་སྐབས་སུའང་ཁྲུས་བྱེད་མི་རུང་བ་སྟེ།ཁྲག་ཧྭགས་ཧ་ཅང་དམའ་བའི་སྐབས་སུ་ཁྲུས་བྱས་ན་གློ་བུར་ཤི་བའི་དོན་རྐྱེན་འབྱུང་སླ།
      འགོག་ཐབས།ཟ་མ་ཟོས་མ་ཐག་དང་ཡང་ན་ལྟོགས་ཡོད་པའི་སྐབས་སུ་ཁྲུས་བྱེད་མི་རུང་ལ།ཁྲུས་ཆུའི་དྲོད་ཚད་རང་ལུས་ཀྱི་དྲོད་ཚད་དང་མཉམ་པ་ཡིན་དགོས།ཁྲུས་བྱེད་པའི་དུས་ཡུན་ཧ་ཅང་རིང་ནའང་ཉེན་ཁ་ཡོད་པས།དུས་ཚོད་སྐར་མ10ནས20བར་གྱིས་ཆོག ལོ་ན་མཐོ་བ་དང་ཡང་ན་འགུལ་སྐྱོད་སྟབས་མི་བདེ་བའི་མིས་ངེས་པར་མི་གཞན་པའི་རོགས་སྐྱོར་འོག་ཁྲུས་བྱེད་དགོས།
      བཞི།ལུས་སྦྱོང་ཤུགས་དྲག་བྱེད་པའི་སྐབས།
      ལུས་སྦྱོང་བྱེད་པའི་སྐབས་སུ།སྙིང་གི་ལྡིང་ཚད་ཧ་ཅང་མགྱོགས་ལ་དབུགས་ལེན་དཀའ་བ་དང་།སྐད་ཆའང་བཤད་དཀའ་བའི་གནས་ཚུལ་བྱུང་ན་ལུས་སྦྱོང་ཤུགས་དྲག་པའི་རྟགས་རེད།ལུས་སྦྱོང་ཤུགས་དྲག་བྱས་ན་སྙིང་གི་ལྡིང་ཚད་དང་རྐྱོང་སྐུམ་ཇེ་མགྱོགས་སུ་འགྲོ་བ་དང་། ཁྲག་ཤེད་གློ་བུར་ཇེ་མཐོ་དང་སྙིང་གི་ལྡིང་ཚད་གློ་བུར་ཇེ་མགྱོགས་སུ་སོང་སྟེ།སྙིང་རྩ་འགག་པའི་ནད་སློང་བ་རེད།
      འགོག་ཐབས།སྔོན་ལ་དྲོད་སྐྱེད་ལུས་སྦྱོང་ལེགས་པར་བྱེད་དགོས།མྱུར་དུ་འགྲོ་བའམ་ཡང་ན་དལ་གྱིས་རྒྱུག་པ་སོགས་ཀྱི་དབྱང་ལྡན་ལུས་སྦྱོང་བྱེད་དགོས། རྒན་པ་དང་སྙིང་ནད་ཅན་རྣམས་འགྲན་རྩོད་རང་བཞིན་ལྡན་པའི་ལུས་སྦྱོང་དུ་མ་ཞུགས་ན་བཟང་།གལ་ཏེ་ལུས་སྦྱོང་བྱེད་པའི་སྐབས་སུ་བྲང་ཁོག་ན་བ་དང་དབུགས་ལེན་དཀའ་བའི་གནས་ཚུལ་བྱུང་ན་མྱུར་དུ་སར་བསྡད་དེ་ངལ་གསོ་བྱེད་དགོས།
      ལྔ།སྡུག་བསྔལ་གྱིས་མནར་བ།
      ང་ཚོའི་སྙིང་གི་ལྡིང་ཚད་ལ་སྐྱེ་དངོས་དབང་རྩའི་ཁ་ལོ་སྒྱུར་བཞིན་ཡོད་པ་དང་།དེའི་ཁྲོད་ཀྱི་རང་གཅུན་དབང་རྩར་ངར་ལངས་ན་སྙིང་གི་ལྡིང་ཚད་ཇེ་མགྱོགས་དང་སྙིང་གི་རྐྱོང་སྐུམ་ཇེ་མང་།ཁྲག་ཤེད་ཇེ་མཐོ་བཅས་སུ་འགྲོ་བ་རེད།སེམས་ཀྱི་སྡུག་བསལ་དེ་དུས་ལྟར་སེལ་མ་ཐུབ་ན།རང་གཅུན་དབང་རྩའི་མ་ལག་ལ་ངར་ལངས་ཏེ།སྐུལ་རྩི་འབོར་ཆེན་ཟགས་ཐོན་བྱས་པ་དང་།སྙིང་གི་ལྡིང་ཚད་ཇེ་མགྱོགས་དང་སྙིང་གི་ཁྲག་འདོན་ཚད་ཇེ་དལ་དུ་སོང་སྟེ།བྲང་ཁོག་ན་བ་དང་དབུགས་ལེན་དཀའ་བ།དྲན་པ་ཐོར་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།
      འགོག་ཐབས།སེམས་ཁམས་སྙོམ་པོར་གནས་པ་དང་།དོན་དག་གང་ཞིག་ལ་འཕྲད་སྐབས་ཀྱང་བྲེལ་བ་མི་ལངས་པར།སེམས་ཁམས་སྙོམས་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་སྤྲོ་སྐྱིད་ཀྱི་ངང་ནས་འཚོ་དགོས།གལ་ཏེ་སེམས་སྡུག་པའི་དོན་དག་དང་འཕྲད་སྐབས།ངལ་གསོ་ལེགས་པོ་དང་སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་དགོས།གལ་ཏེ་བྲང་ཁོག་ན་བ་དང་སེམས་འཚབ་པ་སོགས་ཀྱི་སྙིང་མི་བདེ་བའི་ཚོར་སྣང་བྱུང་ན་མྱུར་དུ་སྨན་པར་སྟོན་དགོས།
      དྲུག གནོན་ཤུགས་ཆེ་དྲགས་པ།
      དུས་ཡུན་རིང་པོར་ལས་སྣོན་བྱེད་པ་དང་།སེམས་ལ་གནོན་ཤུགས་ཀྱིས་ཁེངས་ན།རང་གཅུན་དབང་རྩར་དུས་ཡུན་རིང་པོར་ངར་ལངས་ཡོད་པས།སྙིང་གི་ཁུར་པོ་ཇེ་ལྕི་རུ་སོང་བའི་དབང་གིས་སྙིང་ནད་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ།
      འགོག་ཐབས། དུས་ལྟར་ངལ་གསོ་བ་དང་།ངལ་རྩོལ་དང་རོལ་རྩེད་ཟུང་འབྲེལ་བྱེད་དགོས་ལ།བསྟུད་མར་མཚན་མི་བརྒལ་བར་གནོན་ཤུགས་ཕྱིར་ཕུད་བྱས་ཏེ་ལུས་སེམས་ལྷོད་གཡེངས་སུ་གཏོང་ཤེས་དགོས།
      བདུན།སེམས་ལ་གཡོ་འགུལ་ཆེན་པོ་བྱུང་བ།
      བརྙན་འཕྲིན་ལ་ལྟ་བ་དང་ཤོག་སྦག་རྒྱག་པ།མིག་མངས་རྩེད་པ་སོགས་ཀྱི་སྐབས་སུ་ཙོག་ཡུན་རིང་བས།གལ་ཏེ་གློ་བུར་དུ་སེམས་ལ་གཡོ་འགུལ་ཐེབས་ན།ཁྲག་ཤེད་གློ་བུར་ཇེ་མཐོར་འགྲོ་བ་དང་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་སྟེ།སྙིང་རྩ་འགག་པའི་ནད་འབྱུང་སླ་བ་རེད།
      འགོག་ཐབས།ཚང་མས་བརྙན་འཕྲིན་ལ་ལྟ་བ་དང་ཤོག་སྦག་རྒྱག་པ།མིག་མངས་རྩེད་པ་སོགས་ཀྱི་དུས་ཡུན་རིང་མི་རུང་ལ།སྐབས་སྐབས་སུ་ཡར་ལངས་ནས་འགུལ་སྐྱོད་བྱས་ཏེ།ཙོག་ཡུན་རིང་བ་དང་སེམས་ལ་གཡོ་འགུལ་མི་ཐེབས་པ་བྱེད་དགོས།
      བརྒྱད།ཞོགས་པར་མལ་ལས་ལངས་སྐབས།
      མཚན་མོར་གཉིད་ལོག་པའི་སྐབས་སུ།ལུས་སྟེང་གི་དབང་པོ་ཡོངས་རྫོགས་ངལ་གསོ་བྱས་ཡོད་པས།ཞོགས་པར་གཉིད་ལས་སད་མ་ཐག་ཏུ་ལུས་པོའི་དབང་པོ་དག་ད་རུང་སད་ཡག་མིན། སྐབས་དེར་གློ་བུར་ཡར་ལངས་ན།སྙིང་དང་རུས་ཚིགས་ཀྱི་ཁུར་པོ་ཇེ་ལྗིད་དུ་འགྲོ་བ་དང་།ལྷག་པར་དབུགས་འཚང་བ་དང་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ།ཁྲག་གི་རྒྱུག་ཚད་ཇེ་མགྱོགས།ཁྲག་ཤེད་གློ་བུར་ཇེ་མཐོར་འགྲོ་བ་སོགས་ཀྱི་གནས་ཚུལ་འབྱུང་།སྐབས་འདིར་སྙིང་དང་ཁྲག་རྩའི་ཁུར་པོ་ཧ་ཅང་ལྕི་བས།སྙིང་རྩ་འགག་པའི་ནད་འབྱུང་ཚད་ཧ་ཅང་མཐོ།
      འགོག་ཐབས།རྒན་པ་རྣམས་ཞོགས་པར་གཉིད་ལས་སད་རྗེས་མྱུར་དུ་ཡར་མི་ལངས་པར།སྐར་མ་འགའ་ལ་ཉལ་ཏེ་རྐྱོང་ཤད་བྱེད་པ་དང་རྐང་ལག་གི་རུས་ཚིགས་སོགས་རྐྱོང་སྐུམ་བྱས་རྗེས།ད་གཟོད་ཡུན་གྱིས་ཡར་ལངས་དགོས།
      སྙིང་དང་ཁྲག་རྩའི་ནད་སྔོན་འགོག་བྱེད་རྒྱུ་དེ་ནི་སྙིང་ནད་ཅན་གྱི་ནད་པ་དང་ཁྲག་ཤེད་མཐོ་བའི་ནད་པ།གཅིན་སྙི་ཟ་ཁུའི་ནད་པ།ཁྲག་ཚིལ་མཐོ་བའི་ནད་པ་བཅས་ལ་འབྲེལ་བ་ཡོད་པར་མ་ཟད།ང་ཚོ་མི་རེ་རེ་ལའང་འབྲེལ་བ་དམ་པོ་ཡོད།བདེ་ཐང་གི་འཚོ་བའི་གོམས་གཤིས་དེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་འཇགས་སུ་བཅུག་ན།ད་གཟོད་སྙིང་རྩ་འགག་པ་སོགས་ཀྱི་གློ་བུར་ཤི་བའི་ནད་དང་རིང་དུ་གྱེས་ཐུབ་བོ།
རྩོམ་སྒྲིག་པ།སྣང་རྡོར།