ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཤང་ཀང་གི་སློབ་གྲྭ་འབྲིང་ཆུང་ཆིག་སྟོང་ལྷག་གི་སློབ་འགོ་ཚུགས་པ།

སྤེལ་དུས 2019-09-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

      སྤྱི་ཟླ་9པའི་ཚེས་2ཉིན་ཤང་ཀང་གི་སློབ་གྲྭ་འབྲིང་ཆུང་ཆིག་སྟོང་ལྷག་གི་སློབ་འགོ་ཚུགས་ཡོད། ཤང་ཀང་སློབ་གསོ་ཅུད་ཀྱིས་ཤང་ཀང་གི་ཡིའུ་མ་ཏི་གནམ་བདག་ཆོས་ལུགས་སློབ་ཆུང་ལ་འཚམས་འདྲིར་བསྐྱོད་པ་མ་ཟད་སྤྱི་ལོ་2019ལོའི་ངའི་བྱ་སྤྱོད་ཀྱི་ཁས་ལེན་ལག་བསྟར་མཛད་སྒོ་ཞེས་པ་གཉེར་ཡོད། སློབ་གསོ་ཅུད་ཀྱིས། ཕྱི་ཕྱོགས་སྟོབས་ཤུགས་དང་མི་སྣ་གང་རུང་ཞིག་གིས་སློབ་གྲྭའི་ནང་སློབ་མར་ངན་སྐུལ་ལམ་ཡང་ན་སུན་པོ་བཟོ་མི་ཆོག་པའི་རེ་འབོད་བྱས་ཡོད་པ་རེད།
      སྤྱི་ཟླ་9པའི་ཚེས་2ཉིན་གྱི་སྔ་དྲོ། ཤང་ཀང་སློབ་གསོ་ཅུད་ཀྱི་ཅུད་ཀྲང་ཡང་རུན་ཞུང་གིས་ཤང་ཀང་ཡིའུ་མ་ཏི་གནམ་བདག་ཆོས་ལུགས་སློབ་ཆུང་གི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་གནང་བ་མ་ཟད། སྤྱི་ལོ་2019ལོའི་ངའི་བྱ་སྤྱོད་ཁས་ལེན་ལག་བསྟར་མཛད་སྒོ་ཞེས་པ་གཙོ་སྐྱོང་གནང་ཡོད། ཡང་རུན་ཞུང་གིས། ད་ལོའི་བརྗོད་དོན་གཙོ་བོ་ནི་དྲིན་ཚོར་དང་གཅེས་འཛིན། སྤྲོ་སྣང་ལྡན་པ། ཧུར་བརྩོན་ཆེ་བ་བཅས་ཡིན་པས། རྣམ་འགྱུར་དེ་དག་བརྒྱུད་མི་ཚེའི་ལམ་བུའི་ཐོག་སློབ་མ་ཚོ་སྔར་བས་བདེ་བླག་ཡོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།
      ཉེ་དུས། ཤང་ཀང་སྤྱི་ཚོགས་ཀྱི་ཛ་དྲག་རྣམ་པ་དང་བསམ་འཆར་ཁ་གཏད་དུ་ལངས་པའི་རྐྱེན་གྱིས། ཤང་ཀང་གི་གྲོང་མི་མི་ཉུང་བ་ཞིག་ནས་སློབ་འགོ་གསར་པ་ཚུགས་སྐབས་སློབ་གྲྭའི་ནང་བརྙས་བཅོས་ཀྱི་གྱོད་གཞི་ཐོན་བཟོ་ཡོད་པའི་སེམས་ཁྲལ་བྱེད་པ་དང་། ཁག་ཅིག་གིས་གནད་དོན་གྱི་མདུང་རྩེ་ཉེན་རྟོག་པའི་བུ་ཕྲུག་ལ་བལྟས་ཡོད། ཡང་རུན་ཞུང་གིས། སློབ་གསོ་ཅུད་ཀྱིས་སློབ་གྲྭའི་ནང་བརྙས་བཅོས་ཀྱི་བྱ་སྤྱོད་གང་རུང་ལ་བཟོད་སྒོམ་སྤུ་ཙམ་ཡང་བྱེད་མི་སྲིད་ཅེས་ནན་སྟོན་བྱས་ཡོད་པ་རེད།
      ཡང་རུན་ཞུང་གིས། ཕྱི་ཕྱོགས་སྟོབས་ཤུགས་སམ་ཡང་ན་མི་སྣ་དང་སྒྲིག་འཛུགས་གང་རུང་ཞིག་སློབ་གྲྭའི་ནང་སློབ་མར་ངན་སྐུལ་དང་སུན་པོ་བཟོ་བར་འགྲོ་མི་ཆོག་པའི་རེ་འབོད་བྱས་པ་དང་། སློབ་གྲྭའི་ནང་གི་སློབ་མར་གལ་ཏེ་བསམ་བློའི་ཐད་ཀྱི་གནས་ཚུལ་ལམ་ཡང་ན་དོན་དག་ཁག་ཅིག་ལ་བསམ་འཆར་ཡོད་ཚེ། སློབ་གྲྭའི་དགེ་རྒན་དང་སློབ་སྤྱིས་ཁོ་ཚོ་དང་མཉམ་དུ་འགྲོ་གླེང་བྱེད་པའམ་ཡང་ན་སློབ་གྲྭར་ཡོད་པའི་གོ་རིམ་གཞིར་བཟུང་གནད་དོན་ཁག་ཅིག་ཐག་གཅོད་བྱ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་རེད།
      ཤང་ཀང་ཡིའུ་མ་ཏི་གནམ་བདག་ཆོས་ལུགས་སློབ་ཆུང་གི་སློབ་སྤྱི་ཡུས་ཕའེ་ཆིན་གྱིས། དབྱར་གསེང་རིང་། སློབ་གྲྭས་སློབ་གྲྭའི་ཉལ་ཁང་ལེགས་བཅོས་ཀྱི་ལས་གཞི་ཁག་ཅིག་ལག་བསྟར་བྱས་པ་མ་ཟད། སྔ་སྣུར་དུ་གསར་དུ་སློབ་གྲྭར་ཞུགས་པའི་ལོ་རིམ་དང་པོའི་སློབ་མའི་ཁྱིམ་བདག་ཚོར་ཁྱིམ་བདག་ཚོགས་འདུ་ཚོགས་ནས། ཉེ་དུས་ཀྱི་སྤྱི་ཚོགས་སྣང་ཚུལ་རྐྱེན་པས་སློབ་མ་ཚོའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་སྲིད་པར་གཞོགས་འདེགས་དང་གསལ་འགྲེལ་བྱས་ཡོད་ཅེས་དང་། ཁོང་གིས། སློབ་མ་ཚོས་སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་ཆེ་ཤོས་ལ་བརྩིས་ནས། གཏུམ་སྤྱོད་བྱ་སྤྱོད་ཐ་དག་ལ་ངོ་རྒོལ་བྱེད་རྒྱུའི་ངོས་འཛིན་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། སྣང་རྡོར།