ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཁྱེད་ཀྱིས་ཟླ་མཆོད་དུས་ཆེན་གྱི་འབྱུང་ཁུངས་ཨེ་ཤེས།

སྤེལ་དུས 2019-09-17 ཡོང་ཁུངས། ཁྱེད་ཀྱིས་ཟླ་མཆོད་དུས་ཆེན་གྱི་འབྱུང་ཁུངས་ཨེ་ཤེས། རྩོམ་པ་པོ།

       རྒྱའི་ལོ་རེའི་ལུགས་རྙིང་གི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནི་རྒྱ་ནག་གི་ཟླ་མཆོད་དུས་ཆེན་ཡིན་ལ་དེ་ནི་སྟོན་ཟླ་འབྲིང་བའི་ཚེས་བཅོ་ལྔའི་ཉིན་ཡིན་པས་དུས་ཆེན་གྱི་མིང་ལ་ཡང་རྒྱ་སྐད་ཀྱིས་ཀྲུང་ཆོའུ་ཅེ(中秋节)ཞེས་འབོད་པ་རེད། དུས་ཆེན་དེ་ནི་ཐང་རྒྱལ་རབས་སྐབས་སུ་དངོས་སུ་དུས་ཆེན་ལ་ངོས་འཛིན་བྱས་པའི་དུས་ཆེན་ཞིག་རེད།

       ༢༠༠༨ལོར་རྒྱལ་ཁབ་ཀྱིས་འདས་མཆོད་དུས་ཚིགས་དང་སྣྲོན་ཟླའི་བཅོ་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་བཅས་ཁྲིམས་བཀོད་ངལ་གསོའི་དུས་ཆེན་ལ་གཏན་ཁེལ་བྱས་པ་རེད། ཟླ་མཆོད་དུས་ཆེན་ཞེས་པའི་མིང་གི་འབྱུང་ཁུངས་ནི་རྒྱ་ནག་ལུགས་རྙིང་གི་རྩིས་ལྟར་ལོ་གཅིག་གི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་རེ་རེར་དུས་ཀྱི་འགོ་མ(孟)དང་བར་མ(仲)། མཐའ་མ(季)བཅས་སུ་བགོ་སྲོལ་ཡོད་པ་བཞིན་ཟླ་མཆོད་དུས་ཆེན་ནི་སྟོན་ཟླ་འབྲིང་བར་ཁེལ་འདུག་པས་རྒྱའི་ཡིག་གཟུགས་ཐད་ནས(仲秋节)འདི་ལྟར་འབྲི་སྲོལ་ཡང་ཡོད་པ་རེད། ཟླ་མཆོད་དུས་ཆེན་ལ་ད་དུང་བརྒྱད་པའི་དུས་ཆེན་དང་ཟླ་རྩེན་དུས་ཆེན་སོགས་འབོད་སྲོལ་མང་པོ་ཡོད་པ་རེད།

       དུས་ཆེན་འདི་ནི་ཁྱིམ་མི་མཉམ་འཛོམས་ཀྱི་དུས་ཆེན་ཞིག་ཀྱང་ཡིན་ལ་དུས་ཆེན་འདིར་གཟའ་མི་ཡོངས་ལྷན་དུ་འཛོམས་ནས་ཟླ་གོར་ཟ་བ་དང་གླུ་དབྱངས་ལེན་པ། ཞབས་བྲོ་འཁྲབ་པ་སོགས་ཀྱི་སྲོལ་ཡོད་པ་རེད། ཟླ་གོར་ནི་དུས་ཆེན་གྱི་མེད་དུ་མི་རུང་བའི་ཟས་མཆོག་ཡིན་ལ། ཟླ་གོར་ཟ་བའི་སྲོལ་དེ་ནི་མེན་རྒྱལ་རབས་སྐབས་སུ་དར་ཞིང་གྲོ་ནས་སྲན་གསུམ་སོགས་འབྲི་རིགས་མི་འདྲ་བ་མང་པོས་གྲུབ་ཅིང་དེས་ནི་མི་ལ་ལོངས་སྤྱོད་འཛོམས་ཤིང་ཞིང་ལ་ལོ་ལེགས་འབྱུང་བའི་རྟེན་འབྲེལ་དང་སྨོན་འདུན་མཚོན་པ་རེད།།

རྩོམ་སྒྲིག་པ།སྣང་རྡོར།