ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

སློབ་མའི་ཁུར་པོ་ཡང་དུ་གཏོང་ཆེད་ཞིང་ཆེན་དེས་ཇུས་གཞི་འདི་ལྟར་བཏོན།

སྤེལ་དུས 2019-11-08 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལས་དྲངས། རྩོམ་པ་པོ།
       གསར་འགོད་པར་ཀུའེ་ཀྲོའུ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། 《ཀུའེ་ཀྲོའུ་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁུར་པོ་ཡང་དུ་གཏོང་བའི་ལག་བསྟར་ཇུས་གཞི》བཏོན་ཏེ། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་འདུག
       《ལག་བསྟར་ཇུས་གཞིའི》ནང་། ཁུར་པོ་ཡང་དུ་གཏོང་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་པ་དེ་དག་ཁྱོན་ལས་དོན་ཁག་10དང་འབྲེལ་བ་ཡོད་པ་ལས། གཙོ་བོ་འོས་འགན་སློབ་གསོའི་སློབ་བསྡུ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུ། དམངས་བཙུགས་སློབ་གྲྭའི་སློབ་བསྡུ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི། ཡིག་རྒྱུགས་ཀྱི་ཐེངས་གྲངས་དང་ནང་དོན། དེ་བཞིན་སྦྱོང་ཚན་ཟུར་ཁྲིད་སོགས་ཚུད་ཡོད།2022ལོར་སླེབས་སྐབས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྡེ་ཚན་གྱིས་མཉམ་ཤུགས་འདོན་པ། སློབ་གྲྭས་དམ་འཛིན་གཙོ་བོ་བྱེད་པ། ཁྱིམ་ཚང་གིས་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ལས་ཀའི་རྣམ་པ་ཞིག་བཏོད་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་བྱ་སྤྱོད་སྔར་བས་ཚད་ལྡན་དང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས། རྨང་གཞིའི་སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་ཡག་པོ། ཁྱིམ་བདག་དང་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་བ་བཅས་ཡོང་བར་བྱ་རྒྱུ་རེད་འདུག
       སྦྱོང་ཚན་ཟུར་ཁྲིད་ཚད་ལྡན་དུ་གཏོང་བའི་ཐད་ལ《ལག་བསྟར་ཇུས་གཞིར》བླང་བྱ་འདི་ལྟར་བཏོན་པ་སྟེ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་རེའི་སྦྱོང་ཚན་གྱི་འབོར་གྲངས་དང་དུས་ཚོད་ལ་ཚོད་འཛིན་ནན་པོ་བྱས་ཏེ་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མར་སྦྱོང་དེབ་ཀྱི་ཁྱིམ་སྦྱོང་བཀོད་སྒྲིག་བྱ་མི་ཆོག་པ་དང་། སློབ་ཆུང་ལོ་རིམ་གསུམ་པ་ནས་དྲུག་པ་བར་དང་སློབ་འབྲིང་སློབ་མར་སྦྱོང་དེབ་ཀྱི་ཁྱིམ་སྦྱོང་གི་དུས་ཚོད་ཆུ་ཚོད་1དང་། ཆུ་ཚོད་1.5ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ། མཐོ་རིམ་སློབ་འབྲིང་གིས་ཀྱང་སློབ་མར་ཁྱིམ་སྦྱོང་གི་དུས་ཡུན་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། སྦྱོང་ཚན་གྱི་ཕན་འབྲས་དངོས་ཆེ་རུ་དང་སྦྱོང་ཚན་གྱི་སྤུས་ཚད་ལ་མཐོང་ཆེན་བྱ་ཆེད་དགེ་རྒན་གྱིས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་སྦྱོང་ཚན་གྱི་ནང་དོན་བཀོད་སྒྲིག་དང་། རིམ་པ་དབྱེ་ནས་སྦྱོང་ཚན་བཀོད་སྒྲིག་དར་སྤེལ་གཏོང་བ། འཕྲུལ་ཆས་བསྐྱར་ཟློས་དང་སློབ་ཁྲིད་ཀྱི་ཚད་གཞིའི་གཏན་འབེབས་ལས་མི་བརྒལ་བ། ཁྱིམ་བདག་གིས་ལེགས་སྒྲུབ་བྱེད་པའམ་ཡང་ན་ཁྱིམ་བདག་གིས་དགེ་རྒན་གྱི་ཚབ་བྱས་ཏེ་བཟོ་བཅོས་རྒྱག་པའི་རེ་བ་འདོན་པའི་སྦྱོང་ཚན་བཀོད་སྒྲིག་བྱ་མི་རུང་བ། དགེ་རྒན་གྱིས་བཀོད་སྒྲིག་བྱས་ཚེ་ངེས་པར་དུ་བཟོ་བཅོས་རྒྱག་དགོས་པ་དང་བཟོ་བཅོས་རྒྱག་ཕྱིན་ངེས་པར་དུ་གསལ་འགྲེལ་བྱེད་དགོས་པ་བཅས་རེད་འདུག
       《ལག་བསྟར་ཇུས་གཞིའི》ནང་། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ངལ་གསོའི་དུས་ཡུན་སྔར་བས་ཚད་ལྡན་དུ་བཏང་སྟེ། སློབ་ཆུང་སློབ་མར་ཉིན་ལྟར་སློབ་གྲྭར་གཅིག་གྱུར་གཅིག་སྡུད་ཀྱི་སློབ་ཁྲིད་དུས་ཡུན་ཆུ་ཚོད་6ལས་བརྒལ་མི་ཆོག་པ་དང་། སློབ་འབྲིང་སློབ་མར་ཆུ་ཚོད་7ལས་བརྒལ་མི་ཆོག་པ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མར་ཆུ་ཚོད་8ལས་བརྒལ་མི་ཆོག་པ། སློབ་གྲྭའི་ཞོགས་པའི་སློབ་ཁྲིད་དུས་ཡུན་ནི་སློབ་ཆུང་སློབ་མ་ཆུ་ཚོད་8པ་ལས་སྔ་མི་ཆོག་པ་དང་སློབ་འབྲིང་སློབ་མ་ཆུ་ཚོད་7དང་སྐར་མ་50ལས་སྔ་མི་ཆོག་པ་བཅས་བཏོན་འདུག
རྩོམ་སྒྲིག་པ།སྣང་རྡོར།