ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ལུས་པོ་བདེ་ཐང་དགོས་ན་རྒྱུན་ཤེས་དེ་རིགས་ཤེས་དགོས་འདུག

སྤེལ་དུས 2019-11-08 ཡོང་ཁུངས། གསོ་རིག་རྒྱུན་ཤེས་འཕྲིན་སྟེགས། རྩོམ་པ་པོ།

       གཅིག མིག་མཐའི་ནག་ཐིག་སེལ་ཐབས། སེང་རས་ནང་ཇ་ལོ་བླུགས་ནས་མིག་ལ་དུས་ཡུན་སྐར་མ་བཅུ་ནས་བཅོ་ལྔ་ཙམ་སྦྱར་རྗེས་ཆུས་བཀྲུས་ན་རིམ་གྱིས་སེལ་ཐུབ།

       གཉིས། གཟའ་འཁོར་གཅིག་ལ་སྒོ་ང་བཞི་ལས་མང་བ་བཟའ་མི་རུང་། གལ་ཏེ་དེ་ལས་མང་བ་བཟས་ན་བདེ་ཐང་ལ་ཕན་པ་ཅི་ཡང་མེད།  

       གསུམ། དུས་ཡུན་རིང་པོ་གློག་ཀླད་དང་ཁ་པར་སོགས་གློག་རྡུལ་ཡོ་ཆས་བེད་སྤྱད་ཚེ་བར་མཚམས་སུ་ངལ་གསོ་རྒྱག་པ་དང་མིག་འཕུར་འཕུར་གཏོང་དགོས།

       བཞི། གཉིད་ཉལ་བའི་དུས་ཚོད་ཡག་ཤོས་ནི་དགོང་མོའི་ཆུ་ཚོད་བཅུ་པ་ནས་ཞོགས་པའི་ཆུ་ཚོད་བདུན་པ་བར་རེད། རབ་བྱུང་ན་ཉིན་དགུང་གཉིད་ཕྲན་བུ་ཉལ་ན་ལེགས།

       ལྔ། སྲན་ཁུ་འཐུང་དུས་སྒོ་ང་བཟའ་མི་རུང་ལ། དེའི་ནང་དུ་ཀ་ར་ཡང་བླུགས་མི་རུང་།

       དྲུག ཞོགས་པ་མལ་ལས་ལངས་རྗེས་ཆུ་ཕོར་པ་གང་འཐུང་ན་མཁྲིས་རྡོ་ཆགས་པར་སྔོན་འགོག་བྱེད་ཐུབ།

       བདུན། རྒྱུན་དུ་འོ་ཇ་ཉུང་ཙམ་འཐུང་ན་ལེགས། གང་ལགས་ཞེ་ན་འོ་ཇར་མངར་ཆ་མང་པོ་འདུས་ཡོད་པས། ཁྲག་ཤེད་མཐོ་བའི་ནད་ལ་གནོད་ཀྱི་ཡོད།

       བརྒྱད། ཉིན་རེར་ཀོག་ཧྥེ་ཕོར་པ་གཉིས་ཡན་བཏུངས་མི་རུང་། མང་པོ་འཐུང་ན་གཉིད་མི་ཁུག་པ་མ་ཟད་ཁོག་པ་ཡང་བདེ་པོ་ཡོང་མི་སྲིད།

       དགུ། ཚིལ་སྣུམ་གྱི་འདུས་ཚད་མང་བའི་ཟས་རིགས་ཉུང་ཙམ་བཟས་ན་ལེགས། གང་ལགས་ཞེ་ན་ཕོ་བས་ཟས་དེ་རིགས་འཇུ་བར་ཆུ་ཚོད་ལྔ་ནས་བདུན་ཙམ་འགོར་གྱི་ཡོད། མ་ཟད་ཚིལ་སྣུམ་གྱི་འདུས་ཚད་མང་བའི་ཟས་རིགས་མང་པོ་བཟས་ན་ཕོ་བར་སྐྲན་ནད་སླེབས་ངེས།

       བཅུ། ཆང་མང་པོ་འཐུང་ན་གཟུགས་པོའི་སྟེང་གི་ཕྲ་ཕུང་མང་པོར་ཤུགས་རྐྱེན་ཐེབས་ནས་འབུ་ཕྲའི་ནད་སྐྱེས་ངེས། མ་ཟད་ཆང་མང་པོ་འཐུང་ན་མཆིན་པ་སྲ་འགྱུར་གྱི་ནད་འབྱུང་སླ་པོ་ཡོད།

       བཅུ་གཅིག སྐྲ་བུད་པའི་རྒྱུ་མཚན་ནི་མཚན་འཁྱོངས་པ་དང་། གནོན་ཤུགས་ཆེ་བ། ཐ་མག་འཐེན་པ། ཆང་རག་འཐུང་བ། ཚིལ་སྣུམ་འདུས་ཚད་མང་བའི་ཟས་རིགས་བཟས་དྲགས་པ་སོགས་ཡིན། སྲན་རིགས་དང་སྔོ་ཚལ་རིགས་མང་ཙམ་བཟས་ན་སྐྲ་སྐྱེ་བར་ཕན།

       བཅུ་གཉིས། ཟླ་མཚན་འབབ་པ་དང་མངལ་འཁོར་བ། ཕྲུ་གུ་བཙའ་རན་པ། ཕྲུ་གུ་བཙས་མ་ཐག་པ་བཅས་ཀྱི་སྐབས་སུ་བུད་མེད་ཚོས་ཇ་གར་པོ་བཏུང་མི་ཉན།
རྩོམ་སྒྲིག་པ།སྣང་རྡོར།