ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

གཞོན་ནུ་ལོ་ཆུང་གི་ཐ་མག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

སྤེལ་དུས 2019-11-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
     སྤྱི་ལོ2030ལོའི་མཚམས་སུ་ལོ15ཡན་གྱི་མི་ཚོགས་ཀྱི་ཐ་མག་ཚོད་འཛིན་བྱེད་ཚད20%བར་དམའ་རུ་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་སྒོས་གསལ་བསྒྲགས་སྤེལ་ཞིང་། གཞོན་ནུ་ལོ་ཆུང་གི་ཐ་མག་ཚོད་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ཐ་མག་ཚོད་འཛིན་ལས་དོན་གྱི་གཙོ་གནད་དུ་བཟུང་སྟེ། གཞོན་ནུ་ལོ་ཆུང་རྣམས་ཐ་མག་གི་དུ་སྨུག་དང་ཁ་བྲལ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།

    《བརྡ་ཐོའི》ནང་ཁྲིམས་འགལ་ངང་ལོ་ན་མ་སོན་པའི་བྱིས་པར་རྡོ་ཐའི་གྲུབ་རྫས་ཕྱིར་ཚོང་བྱེད་པར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། རྡོ་ཐ་ཆེད་འཚོང་སིལ་ཚོང་ཁང་གིས་མངོན་གསལ་དོད་པོས་ལོ་ན་མ་སོན་པའི་བྱིས་པར་རྡོ་ཐའི་གྲུབ་རྫས་བཙོང་མི་ཆོག་པའི་མཚོན་རྟགས་འགོད་དགོས་པ་དང་། ལོ་ན་མ་སོན་པའི་བྱིས་པར་རྡོ་ཐའི་གྲུབ་རྫས་འཚོང་མི་ཆོག་པར་མ་ཟད། ལོ་ན་ག་ཚོད་ཡིན་མིན་གསལ་འབྱེད་དཀའ་བའི་མི་རྣམས་ལ་ཐོབ་ཐང་ལག་འཁྱེར་ལ་ལྟ་དགོས་པའི་བླང་བྱ་བཏོན་ཡོད། 

 《བརྡ་ཐོའི》ནང་ཁྲིམས་འགལ་གྱི་རྡོ་ཐའི་བརྡ་ཁྱབ་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་མང་ཚོགས་ལ་སྨྱན་བྱེད་དམ་མི་མང་འདུ་འཛོམས་བྱ་ཡུལ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད། ཕྱི་རོལ་བཅས་སུ་རྡོ་ཐའི་སྐོར་གྱི་བརྡ་ཁྱབ་སྤེལ་མི་ཆོག་པ་དང་། མཉམ་འབྲེལ་དྲ་རྒྱར་བརྟེན་ནས་རྡོ་ཐའི་སྐོར་གྱི་བརྡ་ཁྱབ་སྤེལ་མི་ཆོག་པ།  སྒོས་སུ་ལོ་ན་མ་སོན་པའི་བྱིས་པར་བྱེད་ཐབས་འདྲ་མིན་སྤྱད་ནས་རྡོ་ཐའི་སྐོར་གྱི་བརྡ་ཁྱབ་སྐྱེལ་གཏོང་བྱས་མི་ཆོག་པའི་བླང་བྱའང་བཏོན་ཡོད།

     《བརྡ་ཐོའི》ནང་། གློག་རྡུལ་ཐ་མག་གི་གནོད་འཚེ་དྲིལ་བསྒྲགས་དང་ཚད་ལྡན་དོ་དམ་ཁྱོན་ཡོངས་ནས་སྤེལ་དགོས་པ་སྟེ། གློག་རྡུལ་ཐ་མག་གི་གནོད་འཚེ་དྲིལ་བསྒྲགས་སློབ་གསོའི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གློག་རྡུལ་ཐ་ནག་ནི་ཐ་མག་གཅོད་ཐབས་ཤིག་ཏུ་བརྩིས་ནས་དྲིལ་བསྒྲགས་ཁྱབ་སྤེལ་མི་བྱེད་པ། གཞོན་ནུ་ལོ་ཆུང་རྣམས་གློག་རྡུལ་ཐ་མག་དང་རིང་དུ་གྱེས་པ་དར་སྤེལ་གཏོང་བ། ལོ་ན་མ་སོན་པའི་བྱིས་པར་གློག་རྡུལ་ཐ་མག་བཙོང་མི་ཆོག་པ་དང་། གཞོན་ནུ་ལོ་ཆུང་རྣམས་གློག་རྡུལ་ཐ་མག་ལ་སྤྲོ་བ་ཡོད་པར་སྔོན་འགོག་བྱ་དགོས་པའི་སྐོར་བཀོད་ཡོད། 

 དེ་མིན་ད་དུང་ནུས་ཤུགས་ཡོད་རྒུས་ཐ་མག་མེད་པའི་སློབ་གྲྭ་ཆུང་འབྲིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། བྱིས་པ་ཚོར་ཐ་མག་མེད་པའི་སློབ་གྲྭའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད། 

     རྡོ་ཐའི་དུ་སྨུག་གཞོན་ནུ་ལོ་ཆུང་གི་བདེ་ཐང་ལ་གནོད་པ་ཧ་ཅང་ཆེ་ཞིང་། གཞོན་ནུ་ལོ་ཆུང་གིས་ཐ་མག་འཐེན་ན་མ་ལག་མང་པོ་དང་། ལྷག་པར་དུ་དབུགས་ལམ་མ་ལག་དང་སྙིང་ཁམས་ཁྲག་རྩའི་མ་ལག་ལ་གནོད་པ་ཚབས་ཆེན་བཟོ་སྲིད། རྡོ་ཐའི་ནང་དུ་ཡོད་པའི་ཉི་ཀུའུ་ཏིང་གིས་ཀླད་པའི་དབང་རྩར་གནོད་པ་ཐེབས་སྲིད་པས། དྲན་ཤེས་ཀྱི་ནུས་པ་དང་སེམས་ཤུགས་ཉམས་པ་སོགས་འབྱུང་ངེས་ལ། ཉི་ཀུའུ་ཏིང་ལ་དབྱིངས་ཆགས་རང་བཞིན་ཆེན་པོ་ལྡན་པ་དང་། གལ་ཏེ་ཐ་མག་འཐེན་ནས་དབྱིངས་སུ་ཞུགས་ཚེ་གཅོད་ཁག་པོ་ཡིན། ཐ་མག་འཐེན་པའི་ལོ་ཚོད་ཇི་ཙམ་སྔ་ན། ནར་སོན་རྗེས་ཀྱི་ཐ་མག་འཐེན་ཚད་དེ་ཙམ་ཆེ་ལ། ཐ་མག་གིས་ལུས་ཕུང་ལ་གནོད་པ་ཐེབས་ཚད་ཀྱང་དེ་ལྟར་ཆེ་བ་ཡིན། 
     ས་གནས་ཁག་གིས་གཞོན་ནུ་ལོ་ཆུང་གི་ཐ་མག་ཚོད་འཛིན་ལ་ཤུགས་སྣོན་བྱས་ནས་སྤྱི་ཡོངས་ཀྱི་ཐ་མག་ཚོད་འཛིན་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ལ། གཞོན་ནུ་ལོ་ཆུང་གི་ཐ་མག་ཚོད་འཛིན་ལས་དོན་དེ་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད་པའི་མཐོ་ཚད་དུ་བཞག་ནས། མི་དམངས་མང་ཚོགས་དང་ལྷག་པར་དུ་མི་རབས་རྗེས་མར་འཛིན་པའི་རྣམ་འགྱུར་ཐོག་ནས་གཞོན་ནུ་ལོ་ཆུང་གི་ཐ་མག་ཚོད་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ཐ་མག་ཚོད་འཛིན་ལས་དོན་གྱི་གཙོ་གནད་དུ་བཟུང་སྟེ། “2030ལོའི་མཚམས་སུ་ལོ་ན་15ཡན་གྱི་མི་ཚོགས་ཀྱི་ཐ་མག་ཚོད་འཛིན་བྱེད་ཚད20%བར་དམའ་རུ་གཏོང་བའི”ཐ་མག་ཚོད་འཛིན་དམིགས་ཚད་གལ་ཆེན་མངོན་འགྱུར་བྱས་ནས། གཞོན་ནུ་ལོ་ཆུང་རྣམས་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་སོ།།
རྩོམ་སྒྲིག་པ།སྣང་རྡོར།