ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

བོད་ལྗོངས་གསོ་རིག་སློབ་ཆེན་གྱི་འོད་སྟོང་འཕྲོ་བའི་ལོ་ངོ་སུམ་ཅུ།

སྤེལ་དུས 2019-11-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
 བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ།
     སྤྱི་ཟླ་11ཚེས་16ཉིན་གྱི་སྔ་དྲོ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སྒོ་རའི་ནང་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་དུས་སྟོན་གྱི་རྣམ་པ་ཟབ་མོ་ལྡན་ལ། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས་བོད་ལུགས་གསོ་རིག་སློབ་ཆེན་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད།    
      
     བོད་ལུགས་གསོ་རིག་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་ཞིག་ཡིན་པའི་ངོས་ནས་ལོ་ངོ་3800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སློབ་སྤྱི་ཉི་མ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་སློབ་གྲྭས་རང་བདག་ངང་བསྡུས་པའི་སྐབས་དང་པོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་འགོ་ཚུགས་པ་དང་། སློབ་ཁུལ་གསར་པ་སྐྲུན་འགོ་ཚུགས་པ། འབུམ་རམས་ཐོབ་ཟིན་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཞིང་ཆེན་དང་པུའུ་མཉམ་སྐྲུན་མཐུན་སྦྱོར་གསར་གཏོད་ལྟེ་གནས་ལའང་ཆོག་མཆན་དང་གཏན་འཁེལ་བྱུང་ནས་སློབ་གྲྭ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།
     རྟེན་འབྲེལ་ཚོགས་ཆེན་ཐོག་བོད་ཀྱི་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་དང་སློབ་མའི་འཐུས་མིས་ཁག་སོ་སོར་གཏམ་བཤད་སྤེལ་བ་རེད།
     ཚོགས་འདུའི་ཐོག་ད་དུང་ཕུལ་བྱུང་གི་སློབ་གྲོགས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ཞེས་པ་སྒྲོག་སྦྱངས་བྱས་པ་དང་འབྲེལ་ཕུལ་བྱུང་གི་སློབ་གྲོགས་འཐུས་མིར་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་པ་རེད།
     ལྗོངས་ཕྱི་ནང་གི་རིག་གཞུང་རིགས་གཅིག་མཁས་ཅན་དང་། བོད་སྐྱོར་ཚན་པ། གཅེན་གཅུང་སློབ་གླིང་།  སློབ་གྲྭའི་དགེ་སློབ། ལས་བྲལ་དང་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པའི་འཐུས་མི་སོགས་མི་གྲངས་1000ཙམ་གྱིས་དུས་སྐབས་གལ་ཆེན་དེར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།  
     ཚོགས་འདུ་གྲོལ་རྗེས་སྐུ་མགྲོན་ཡོངས་ཀྱིས་སློབ་གྲྭའི་ལོ་རྒྱུས་ཁང་དང་། ཚོད་ལྟའི་སློབ་ཁྲིད་ལྟེ་གནས་ཀྱི་བོད་སྨན་དངོས་དཔེ་ཁང་། དངུལ་ཆུ་བཙོ་བཀྲུའི་བརྒྱུད་རིམ་གྱི་འགྲེམས་ཁང་། དཔེ་མཛོད་ཁང་གི་དམིགས་བསལ་བོད་ལྗོངས་ཁུལ། ཐང་གའི་འགྲེམས་ཁང་སོགས་ལ་ལྟ་སྐོར་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དམིགས་བསལ་ཁྱད་ཆོས་རྣམས་ཉམས་སུ་མྱོང་བ་དང་འབྲེལ་ཤེས་རྟོགས་བྱས་པ་རེད། 

     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་བོད་ལུགས་གསོ་རིག་སློབ་ཆེན་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རིང་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་མཐོ་རིམ་གླེང་སྟེགས་ཀྱི་རིམ་སྤེལ་རིག་གཞུང་བྱེད་སྒོ་དང་། སློབ་གྲྭའི་སྒྱུར་བཅོས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ། སློབ་གྲོགས་བཞུགས་མོལ་ཚོགས་འདུ། སློབ་གྲྭ་བཙུགས་ནས་ལོ་30འཁོར་བའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད། 

      ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཐད་ཀྱི་མཐོ་རིམ་སློབ་ཆེན་འབའ་ཞིག་དེ་ཡིན་པ་དང་། མིག་སྔར་སློབ་གྲྭའི་ད་ཡོད་རབ་འབྱམས་ཞིབ་འཇུག་སློབ་མ་121དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་22ཡོད་པ་ཕུད་དང་དུང་པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ས་ཁུལ་དུ་རབ་འབྱམས་ཞིབ་འཇུག་སློབ་མ་266དང་འབུམ་རམས་པའི་ཞིབ་འཇུག་སློབ་མ33མཉམ་འབྲེལ་ཐོག་གསོ་སྦྱོང་བྱས་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་33བཅས་ཡོད་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།