དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ནས་སོགས་སྐྱེ་དངོས་རིགས་11གི་རྒྱུ་ཆ་བར་སྣང་དུ་སྐྱེལ་བ་ཕྱིར་སླེབས་ཤིང་ད་ལྟ་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད།

སྤེལ་དུས 2020-06-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་རྒྱང་སྐྱོད་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་Bདེ་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱེད་ས་ནས་མཁའ་དབྱིངས་སུ་འཕངས་པ་དང་། ཟླ་5ཚེས་8ཉིན་བདེ་བླག་ངང་ཏུང་ཧྥུང་འབབ་ཐང་དུ་ཕྱིར་ལོག་པ་རེད། ཉིན་24ཡི་རིང་རེ་སྒུག་བྱས་པ་བརྒྱུད། ཟླ་5ཚེས་29ཉིན། རབས་གསར་པའི་མི་སྡོད་ཚོད་ལྟའི་འཕུར་གྲུའི་ཕྱིར་ལོག་འཁོར་སྒམ་སྒོ་འབྱེད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་དོན་ཁང་དང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་ཞིབ་འཇུག་བཟོ་སྐྲུན་ལས་ཁུངས་དང་སྐྱེལ་འདྲེན་ལས་ཁུངས་བཅས་དང་མཉམ་འབྲེལ་ཐོག་སྐྱེལ་འདྲེན་དངོས་པོ་འཕུར་གྲུའི་འཁོར་སྒམ་ནས་བཏོན་པ་རེད།  
འཕུར་གྲུའི་འཁོར་སྒམ་སྒོ་འབྱེད་པའི་མཛད་སྒོ།
          དགའ་འོས་པ་ཞིག་ནི་ད་ཐེངས་སྐྱེལ་བའི་དངོས་པོའི་ཁྲོད་བོད་རང་སྐྱོང་ལྗོངས་ཀྱིས་ཆེས་ཐོག་མར་མ་ལག་རང་བཞིན་ལྡན་པའི་སྒོ་ནས་ནས་དང་། གཟན་རྩྭ། ཤིང་པདྨ་སེར་པོ། སྲོ་ལོ་དམར་པོ། མེ་ཏོག་རྫོང་གི་ཤིང་ཏོག་ཉིང་མེང་དང་རྡོ་སྣག་སིན་སོགས་རྒྱུ་རྡུལ་མཐོ་བའི་རྒྱུ་ཆ་ཡོད་ལ།  ད་ཐེངས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་འདིས་བོད་རང་སྐྱོང་ལྗོངས་ཀྱི་སྟོང་ཆ་ཞིག་བསྐངས་པ་སྟེ། ས་བོན་གྱི་སྐྱེས་ཚད་དང་ལོ་ཏོག་གི་ཐོན་ཚད་ཇེ་མཐོ་རུ་གཏོང་བ་དང་། རྩི་ཤིང་སྐྱེ་འཚར་གྱི་དུས་འཁོར་ཐུང་དུ་གཏོང་བ། ཕན་ནུས་ལྡན་པའི་འདུས་ཚད་ཇེ་མཐོར་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་ངེས་ཡིན། བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་དངོས་ཐོན་ཁུངས་བེད་སྤྱོད་དང་སྲུང་སྐྱོང་གི་གོ་རྟོགས་ཇེ་མཐོར་གཏོང་བ་དང་། རྩི་ཤིང་གི་རྒྱུད་སྤེལ་ལེགས་བཅོས་དང་། མིས་བཟོས་གསོ་སྤེལ་དང་མཐོ་སྒང་གི་རྒྱུ་ཆ་གསར་པ་གསར་སྤེལ་བྱེད་པར་ཐབས་ལམ་གསར་པ་ཞིག་གཏོད་ཐུབ། 
རབས་གསར་པའི་མི་སྡོད་འཕུར་གྲུའི་ཚོད་ལྟའི་འཕུར་གྲུ་ཕྱིར་ལོག་པའི་འཁོར་སྒམ།
          “ད་ཐེངས་བོད་རང་སྐྱོང་ལྗོངས་ནས་ཁྱེར་ཡོང་བའི་སྐྱེ་དངོས་རིགས་དང་རྒྱུ་ཆ་རིགས་11བར་སྣང་དུ་སྐྱེལ་བ་དང་། བར་སྣང་ཁམས་ཀྱི་འཇིག་རྟེན་འཕྲོ་འོད་དྲག་པོའི་ལྡོག་འཕྲོ་དང་། སའི་གོ་ལའི་ཞན་པའི་ཁབ་ལེན་ར་བ། གློག་ལྡན་རྡུལ་ཕྲན། ལྗིད་ཤོར། སྟོང་སངས་སོགས་ཀྱི་ཆ་རྐྱེན་བརྒྱུད་དེ་བར་སྣང་ཁམས་སུ་དངོས་པོའི་གཞི་རྒྱུ་འགྱུར་བ་བྱུང་དུ་བཅུག་ཅིང་། དེ་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སྒང་དུ་དམིགས་སུ་ཡོད་པའི་སྐྱེ་དངོས་རིགས་དང་རྒྱུ་ཆ་བར་སྣང་ཁམས་སུ་གཞན་འགྱུར་འབྱུང་མིན་ལ་ལྟ་ཞིབ་བྱས། འདིས་བོད་རང་སྐྱོང་ལྗོངས་ཀྱི་དམངས་འཚོ་དང་། དཔལ་འབྱོར། ཚན་རྩལ་བཅས་ཀྱི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད།”ཅེས་ཀྲུང་གོའི་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་ཞིབ་འཇུག་པ་དང་འབུམ་རམས་པའི་སློབ་དཔོན་ཝང་ཅུན་ཅེ་ཡིས་དེ་ལྟར་བཤད།
ཝང་ཅུན་ཅེ་ཡིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ།
          ཝང་ཅུན་ཅེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་རིང་ཞིབ་འཇུག་དང་འཕེལ་རྒྱས་བཏང་བ་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་ནས་ཀྱི་ཐོན་འབོར་ངེས་ཅན་ཞིག་འཕར་ཡོད་རུང་། ད་དུང་མི་དམངས་ཀྱི་དགོས་མཁོ་དང་བར་ཐག་ངེས་ཅན་ཞིག་ཡོད། ད་ཐེངས་བར་སྣང་སྐྱེལ་འདྲེན་སོགས་ཚན་རྩལ་བྱ་ཐབས་གསར་པ་སྤྱད་པ་དེའི་དམིགས་ཡུལ་ནི་ནས་ཀྱི་ཐོན་འབོར་སྔར་ལས་འཕར་བར་སྐུལ་འདེད་གཏོང་རྒྱུ་དང་། མེ་ཏོག་པད་མ་སེར་པོ་དང་། མཐོ་སྒང་གི་རྒྱ་སེའི་མེ་ཏོག་སོགས་ལྟད་མོའི་རང་བཞིན་གྱི་རྩི་ཤིང་བར་སྣང་དུ་དྲངས་ནས་གལ་ཏེ་གཞན་འགྱུར་བྱུང་ན། ལྟད་མོའི་རང་བཞིན་དང་བེད་སྤྱོད་རིན་ཐང་གང་གི་ཐད་ནས་ཀྱང་མངོན་གསལ་གྱིས་ཚད་ཇེ་མཐོར་འགྲོ་སྲིད། རྡོ་སྣག་སིན་རྒྱུ་ཆ་ནི་མཐོ་སྒང་གི་ཞིབ་ཚགས་དཔྱད་ཆས་བཟོ་སྐྲུན་བྱེད་པར་འཚམས་ལ། ད་དུང་རྒྱུ་ཆ་གཞན་དག་དང་འདྲེས་སྦྱོར་བྱས་ནས་ཨར་ལས་རྒྱུ་ཆར་སྤྱོད་ཆོག་པས། དྲོད་ཚད་འཛིན་པ་དང་། རླུང་རྒྱུ་ལེགས་པ། མཁྲེགས་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པར་ཡང་ནུས་པ་ངེས་ཅན་ཞིག་ཐོན་ཐུབ།
ཟླ་5ཚེས་5ཉིན་ལིའུ་མེ་ཡན་གྱིས་ཡུལ་དངོས་སུ་རྒྱང་སྐྱོད་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་Bཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་ནས་འཕེན་པར་ལྟ་བཞིན་པ།
          ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ནས་དྲངས་པའི་རྒྱ་སེའི་མེ་ཏོག་མཐོ་སྒང་དུ་བཙུགས་པ་དང་། ཉི་མའི་འོད་ཟེར་གྱིས་འཚོས་ཤིང་། དྭངས་གཙང་གི་ཡུར་ཆུ་ལས་སྐྱེ་འཚར་བྱུང་བས། མེ་ཏོག་གི་ཁ་དོག་རྣམ་པར་བཀྲ་ཞིང་བཅུད་སྣུམ་རྩ་ཆེ་བའི་རང་བཞིན་ལྡན་པར་གྱུར། “ང་རང་བོད་ཀྱི་རྒྱ་སེའི་མེ་ཏོག་ཐོན་ལས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོས་ལོ་ཁ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་སུ་རྒྱ་སེའི་མེ་ཏོག་འདེབས་ཐུབ་པ་དང་འཇིག་རྟེན་འཕུར་སྐྱོད་ལག་རྩལ་འཕེལ་རྒྱས་ཚད་མེད་འགྲོ་བའི་དུས་རབས་འདིར་རྒྱང་སྐྱོད་5Bབརྒྱུད་རྒྱ་སེའི་མེ་ཏོག་བར་སྣང་དུ་སྐྱེལ་བ་ཡིན་ལ། བར་སྣང་ཚོད་ལྟའི་སློབ་ཚན་ཞིག་ཏུ་གྱུར་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན། བོད་ལྗོངས་རྒྱ་སེའི་མེ་ཏོག་ད་ཐེངས་གྲུབ་འབྲས་ལྡན་པའི་ངང་བར་སྣང་དུ་སྐྱེལ་བ་ནི་ང་ཚོའི་བོད་རང་སྐྱོང་ལྗོངས་ཀྱི་དྭགས་ཞིང་ཐོན་ལས་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་པས། ང་ཚོས་ཚན་རྩལ་གསར་གཏོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། རྒྱ་སེའི་མེ་ཏོག་ཐོན་ལས་དེ་ལྗང་མདོག་འཕེལ་རྒྱས་ཀྱི་ཐོན་ལས་སུ་བསྒྱུར་ནས་བོད་ལྗོངས་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས།”ཞེས་བོད་རང་སྐྱོང་ལྗོངས་སུ་རྒྱ་སེའི་མེ་ཏོག་འདེབས་འཛུགས་བྱེད་མཁན་ལིའུ་མེ་ཡན་གྱིས་དེ་ལྟར་བཤད།
གཞུང་དཔང་ཁང་གི་ལས་བྱེད་མི་སྣས་སྐྱེལ་བའི་དངོས་པོར་གཞུང་དཔང་བྱེད་བཞིན་པ།
གཞུང་དཔང་ཁང་གི་ལས་བྱེད་མི་སྣས་སྐྱེལ་བའི་དངོས་པོར་གཞུང་དཔང་བྱེད་བཞིན་པ།
          “སྐྱེ་དངོས་རིགས་དང་རྒྱུ་ཆ་ཕྱིར་བླངས་རྗེས། ད་དུང་དུས་ཡུན་རིང་པོར་ཚོད་ལྟ་དང་ཞིབ་འཇུག་བྱས་ཏེ། བར་སྣང་དུ་སྐྱེ་དངོས་རིགས་དང་རྒྱུ་ཆ་གང་དག་གི་གཞི་རྒྱུར་འགྱུར་བ་བྱུང་བ་གཏན་ཁེལ་བྱས་ནས། བར་སྣང་གི་སོན་གསོའི་ཞིབ་འཇུག་བྱ་གཞི་ཞིག་ཏུ་གྲུབ། གལ་ཏེ་དེའི་ནང་དུ་འགྱུར་ལྡོག་མངོན་གསལ་ཞིག་བྱུང་ན། རྗེས་མར་མུ་མཐུད་དུ་ཚོད་ལྟ་བྱེད་ངེས་ཡིན། ད་ལྟ་ནི་ལེ་དབར་ཁྲི་ཕྲག་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་ལྟ་བུ་ཡིན་པས། གྲུབ་འབྲས་ཅུང་ལེགས་པོ་ཞིག་ཐོབ་ནས་འབྱུང་འགྱུར་བར་སྣང་དུ་ཚོད་ལྟའི་ཞིབ་འཇུག་སྔར་ལས་ལྷག་པ་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པའི་རེ་བ་ཡོད།”ཅེས་བཤད་པ་དང་། དེ་ལྟར་ཝང་ཅུན་ཅེ་ཡིས་རྗེས་ཕྱོགས་ཀྱི་ཚོད་ལྟའི་ཞིབ་འཇུག་ལ་ཡིད་ཆེས་དང་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།