དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འཕྲང་དམར་གྲོང་རྡལ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

སྤེལ་དུས 2020-06-05 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
འབྱོར་འབྲིང་ལམ་དུ་སྐྱོད་པའི་ཁྱིམ་གཞིས་གསར་པ།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཕྲང་དམར་གྲོང་རྡལ་ནི་ཁྲི་ཀ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཁྲི་ཀ་རྫོང་གི་ཕྱུགས་ལས་གཙོ་བོར་གཉེར་བའི་གྲོང་རྡལ་གཅིག་པུ་དང་ཞིང་ཆེན་རིམ་པས་གཏན་འཁེལ་བྱས་པའི་དབུལ་ཕོངས་གྲོང་རྡལ་གཅིག་པུ་ཡང་ཡིན། གྲོང་རྡལ་གྱི་ཁོངས་སུ་ལན་འགྲོ་གོང་ཞོལ་དང་། འཕྲང་དམར་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཏེ་རྐང་ཚ་གོང་ཞོལ་ཚོ་སྒོ་དྲུག་དང་། ཆོས་ཚ། བདུད་ཤུལ། རྒྱ་ཚ། སྟག་རིག སྒྱོམ་སོགས་ཡོད་ལ། འཕྲང་དམར་གྱི་ས་བབ་མཐོ་ཞིང་ཆར་ཆུ་ཉུང་བ། གྲང་ངར་ཆེ་བ། སྐྱེ་ཁམས་ཁོར་ཡུག་ཞན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་དཔལ་འབྱོར་འཕེལ་རྒྱས་དལ་བ་དང་། དབུལ་ཕོངས་ཀྱི་ཁྱབ་ཁོངས་ཆེ་བ། དབུལ་པོ་དབུལ་ནག་མང་བ་བཅས་ཀྱི་དཀའ་གནད་དང་འཕྲད་ཡོད། 2015ལོའི་ཟླ10པའི་ཚུན་དུ་འཕྲང་དམར་གྲོང་རྡལ་གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་གནད་ཁེལ་དབུལ་སྐྱོར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་འོག་གྲོང་རྡལ་གྱི་གནས་བབ་ལ་དམིགས་ཅི་ཐུབ་ཀྱིས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་དང་ལག་ལེན་བྱས་པར་བརྟེན། གྲོང་རྡལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་དང་། ཁྱད་ལྡན་ཐོན་ལས་གསར་སྤེལ་སོགས་ཀྱི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་རིམ་བཞིན་ཡར་རྒྱས་བྱུང་ནས་ཡོངས་སུ་དབུལ་ཕོངས་ལས་ཐར་བ་དང་།དབུལ་ཕོངས་མང་ཚོགས་རང་སྟེང་གི་འཕེལ་རྒྱས་ནུས་པའང་མངོན་སུམ་གྱིས་ཇེ་དྲག་ཏུ་སོང་ཡོད།
འབྲུག་མོའི་བོད་ལྭ་ཚོང་ཁང་།
འཕྲང་དམར་གྲོང་རྡལ་གྱི་ཁོད་ཡངས་ཤིང་གྲ་དག་པའི་སྲང་ལམ།
མཛེས་པའི་ཡུལ་གྲོང་སྟེ་རྒྱ་ཚ་སྡེ་བ།
འཕྲང་དམར་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གི་རྣམ་པ་གསར་པ།
སྡོད་ཁང་གསར་པ།
རྩོམ་སྒྲིག་པ། སངས་སྐྱབས།