དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་2020ལོའི་ཡུན་ཟུར•ཆིན་ཁྲེང་བུམ་པའི་དར་མའི་མིག་མངས་ཀྱི་དཔྱིད་ཀའི་ཚད་རིམ་འགྲན་བསྡུར་ལྷ་ས་རུ་སྤེལ་བ།

སྤེལ་དུས 2020-06-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བོད་ཀྱི་མིག་མངས་བདམས་ཐོན་པས་འགྲན་བསྡུར་བྱེད་པ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6པའི་ཚེས་26ཉིན།     བོད་རང་སྐྱོང་ལྗོངས་ཀྱི་2020ལོའི་ཡུན་ཟུར•ཆིན་ཁྲེང་བུམ་པའི་དར་མའི་མིག་མངས་ཀྱི་དཔྱིད་ཀའི་ཚད་རིམ་འགྲན་བསྡུར་ལྷ་སར་སྤེལ་ཞིང་བོད་རང་སྐྱོང་ལྗོངས་ཀྱི་མིག་མངས་བདམས་ཐོན་པ་25ཡིས་འགྲན་བསྡུར་བྱས་པ་དང་། དེའི་ཁྲོད་དུ་རྒྱལ་ཁ་ཐོབ་མཁན་ལ་དེ་མཚུངས་ཀྱི་རིམ་པ་ཞིག་ཐོབ་པ་རེད།( དགུ་འགྲིག)
        བོད་ཀྱི་ལོ་རྒྱུས་དང་རིག་གནས་འཚོ་བའི་ནང་བོད་ཀྱི་མིག་མངས་ཀྱི་གནས་བབ་མངོན་གསལ་དོད་པོ་ཡོད་དེ། མིག་མངས་རྩེད་སྟངས་ཕུན་སུམ་ཚོགས་ཤིང་། རྩལ་འགྲན་རང་བཞིན་དང་སྤྲོ་སྣང་རང་བཞིན་ལྡན་པས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ལྟ་བུ་ཞིག་རེད། དེ་ལའང་གཙོ་བོ་“མིག་མངས་”དང་“དགུ་འགྲིག”ཅེས་པ་རིགས་གཉིས་ཡོད་ལ། མིག་མངས་ཆུང་འབྲིང་རིགས་བཅུ་ཕྲག་ཁ་ཤས་སུ་དབྱེ་ཆོག
བོད་ཀྱི་མིག་མངས་བདམས་ཐོན་པས་འགྲན་བསྡུར་བྱེད་པ།
        ད་ཐེངས་ཀྱི་བོད་ཀྱི་མིག་མངས་ཚད་རིམ་འགྲན་བསྡུར་དུས་ཡུན་ཉིན་2ཡིན་པ་དང་། ཉིན་དེར་དགུ་འགྲིག་གི་དར་མའི་ཚོགས་ཆུང་གི་འགྲན་བསྡུར་སྤེལ་བ་རེད།   དགུ་འགྲིག་ནི་སྒྲིག་བཀོད་ལྡན་ལ་དཀྱིལ་ནི་ཟ་འགྲིག་དང་མཐའ་ནི་འཕུར་འགྲིག་གི་རྣམ་པ་ལྟར་རྩེ་བ་ཞིག་ཡིན། དེ་ནི་ཧ་ཅང་སྤྲོ་སྣང་ལྡན་ཞིང་། འགྲན་རྩོད་ཀྱི་རང་བཞིན་དང་། སྐྱེ་སྟོབས་ཀྱི་ཉམས་ལྡན་པ་ཞིག་རེད། ཉིན་གཅིག་གི་འགྲན་བསྡུར་བརྒྱུད་དེ། ལེགས་དཔལ་གྱིས་ད་ཐེངས་འགྲན་བསྡུར་གྱི་ཨང་དང་པོ་བླངས་ནས་འབྲེལ་བོད་ཀྱི་མིག་མངས་རིམ་པ་དྲུག་ལེན་ཐུབ་པ་བྱུང་ལ། འབྲུག་རྒྱལ་དང་བཀྲ་ཤིས་དོན་གྲུབ་གཉིས་ལ་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ་པས་བོད་ཀྱི་མིག་མངས་རིམ་པ་ལྔ་ལེན་ཐུབ་པ་བྱུང་།  
བོད་ཀྱི་མིག་མངས་བདམས་ཐོན་པས་འགྲན་བསྡུར་བྱེད་པ།
        2019ལོའི་ཟླ་5པར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས《བོད་ཀྱི་མིག་མངས་ཚད་རིམ་ལག་བསྟར་བྱ་ཐབས》ལ་ཆོག་མཆན་སྤྲད་པ་དང་། དེ་ནི་བོད་ཀྱི་མིག་མངས་ལོ་རྒྱུས་ཐོག་མིག་མངས་མཁས་ཅན་གྱི་ཆུ་ཚད་ལ་དཔྱད་འཇོག་བྱེད་པའི་བྱ་ཐབས་ཐོག་མ་དེ་རེད། 2019ལོའི་ཟླ་12པར་བོད་རང་སྐྱོང་ལྗོངས་ཀྱིས་སྐབས་དང་པོའི་བོད་ཀྱི་མིག་མངས་ཀྱི་ཚད་རིམ་འགྲན་བསྡུར་བྱས་པ་དང་། བོད་ཀྱི་མིག་མངས་ལོ་རྒྱུས་ཐོག་ཁག་དང་པོའི་མིག་མངས་མཁས་ཅན་40བྱུང་ཞིང་། བོད་ཀྱི་མིག་མངས་དེ་རིག་གནས་སྲུང་སྐྱོང་ནས་རྩལ་འགྲན་ལུས་རྩལ་བར་འགག་རྩའི་གོམ་སྟབས་ཤིག་སྤོས་པ་རེད།
        བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་འགན་འཛིན་པས་ངོ་སྤྲོད་བྱས་དོན། བོད་ཀྱི་མིག་མངས་ཀྱི་ཚད་རིམ་འགྲན་བསྡུར་ལ་སློབ་གྲྭ་དང་སྤྱི་ཚོགས་ལས་རིགས་ཁག་གི་འགྲན་ཞུགས་པ་ཚོའི་རྒྱབ་སྐྱོར་ཐོབ་ནས། བོད་ཀྱི་མིག་མངས་སྔར་ལས་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་ཁོངས་མི་གཙོ་བོ་དང་སློབ་ཁྲིད་ཚོགས་པས་གཞི་ཁྱོན་ཆེ་བའི་སློབ་ཁྲིད་ཁྱབ་གདལ་གྱི་ལས་དོན་སྤེལ་བ་དང་། དེའི་ཁྲོད་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་དང་། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་། ལྷ་ས་གྲོང་ཁྱེར་རྔ་ཆེན་སློབ་ཆུང་སོགས་བོད་ཀྱི་མིག་མངས་ཁྱབ་གདལ་བཏང་པའི་སློབ་གྲྭ་40ལྷག་ཙམ་ཡོད་པ་རེད།
བོད་ཀྱི་མིག་མངས་བདམས་ཐོན་པས་འགྲན་བསྡུར་བྱེད་པ།
        དེའི་འགན་འཁུར་པས་བརྗོད་དོན།“ད་ཐེངས་མིག་མངས་ཚད་རིམ་འགྲན་བསྡུར་སྤེལ་བ་དེས་ཉེ་བའི་ལོ་ཤས་རིང་བོད་ཀྱི་མིག་མངས་རིག་གནས་རྒྱུད་འཛིན་དང་ཁྱབ་གདལ་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་མཚོན། ཐེངས་རྗེས་མར་བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱིས་ད་ཐེངས་ཀྱི་འགྲན་བསྡུར་འདི་ལ་བརྟེན་ནས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། བོད་ཀྱི་མིག་མངས་རྟེན་གཞིར་བཟུང་ནས་གཞོན་ནུ་ལོ་ཆུང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་ངེས་ཡིན།”ཞེས་བཤད།