དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱུགས་ཤོག་དམིགས་བསལ་བས་བོད་ཀྱི་རྒྱུགས་ཞུགས་སློབ་མ་ལོང་བས་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་གཞོགས་འདེགས་བྱས།

སྤེལ་དུས 2020-07-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བོད་ལྗོངས་མཐོ་རྒྱུགས་ཀྱི་ལྷ་ས་སློབ་འབྲིང་གི་རྒྱུགས་གནས།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2020ལོའི་མཐོ་རྒྱུགས་ཀྱི་ཉིན་དང་པོར། ཧྲན་ཞི་དང་། ཨན་ཧུའེ། ཧྲང་ཧའེ། བོད་ལྗོངས་སོགས་ཞིང་ཆེན་དང་གྲོང་ཁྱེར་རང་སྐྱོང་ལྗོངས་བཞི་ནས་ཡོང་བའི་རྒྱུགས་ཞུགས་སློབ་མ་ལོང་བ་ལྔ་ཡིས་ལོང་བའི་རྒྱུགས་ཤོག་བཀོལ་ནས་ཡིག་རྒྱུགས་ནང་ཞུགས་ཡོད་པ་དང་། དེའི་ཁྲོད་བོད་ལྗོངས་ཀྱི་བོད་རིགས་རྒྱུགས་ཞུགས་སློབ་མ་ལོང་བ་གཉིས་ཡོད་པ་དེ་དག་གིས་བོད་ཡིག་གི་ལོང་བའི་རྒྱུགས་ཤོག་བེད་སྤྱོད་བྱས་ཡོད།     
        ལོང་བའི་རྒྱུགས་ཤོག་ནི་ཅི་འདྲ་ཞིག་ཡིན་ནམ།
        ལོང་བའི་ཡི་གེ་ནི“གྲུ་བཞི”རྐྱང་རྐྱང་སྟེ། གྲུ་བཞི་རེ་རེར་ཚེག་དྲུག་རེ་ཡོད། ཚེག་འདི་དག་གི་སྟར་སྒྲིག་ཚོ་སྡེབ་ལ་བརྟེན་ནས་ནང་དོན་མི་འདྲ་བ་མཚོན་གྱི་ཡོད། སྤྱིར་བཏང“གྲུ་བཞི”གཉིས་ཀྱིས་ད་གཟོད་རྒྱ་ཡིག་གི་སྒྲ་ཚིགས་གཅིག་མཚོན་ཐུབ། ལོང་བའི་རྒྱུགས་ཤོག་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་རིས་དབྱིབས་ཀྱི་རིགས་ལའང་འཕྲད་ཀྱི་ཡོད་པས། རྒྱུགས་ཤོག་བཟོ་མཁན་གྱིས་ལོང་བ་རྣམས་ཀྱིས་རིས་དབྱིབས་རེག་མི་ནུས་པའི་གནས་ཚུལ་ལ་གཞིགས་ནས། རིས་དབྱིབས་ལ་འགྱུར་བ་དང་སྒྱུར་བཀོད་གཏོང་དགོས། དེར་བརྟེན། མཐོ་རྒྱུགས་ཀྱི་ལོང་བའི་རྒྱུགས་ཤོག་བཟོ་མཁན་ནང་དུ་མཐོ་རྒྱུགས་ཀྱི་འདྲི་གཞི་བཟོ་མཁན་གྱི་ཚོགས་ཆུང་ཕུད་ད་དུང་འབྲེལ་ཡོད་ལོང་བའི་སློབ་གསོའི་ཆེད་མཁས་པ་ཡང་ཡོད་པ་རེད། ལོང་བའི་རྒྱུགས་ཤོག་གི་དྲི་བ་བཟོ་བ་དང་། པར་འདེབས། སྐྱེལ་འདྲེན། གསང་སྲུང་མ་ལག་སོགས་བརྒྱུད་རིམ་ཧྲིལ་པོ་མཐོ་རྒྱུགས་དཀྱུས་མའི་རྒྱུགས་ཤོག་གི་བླང་བྱ་དང་གཅིག་མཚུངས་ཡིན། 
        རྒྱུགས་ཞུགས་སློབ་མ་ལོང་བ་དང་སྤྱིར་བཏང་གི་རྒྱུགས་ཞུགས་སློབ་མ་གཉིས་ལ་མི་འདྲ་ས་ཅི་ཞིག་ཡོད་དམ།
        ལོང་བའི་རྒྱུགས་ཤོག་གི་ནང་དོན་དང་དཀའ་སླའི་ཚད་ནི་སྤྱིར་བཏང་གི་རྒྱུགས་ཞུགས་སློབ་མ་དང་ཕལ་ཆེར་འདྲ་ལ། སློབ་བསྡུའི་སྐར་གྲངས་ཀྱི་ཚད་གཞི་ཡང་སྤྱིར་བཏང་གི་རྒྱུགས་ཞུགས་སློབ་མ་དང་འདྲ་བར་སྐར་གྲངས་སྣོན་པ་སོགས་ཀྱི་གཟིགས་སྐྱོང་ཅི་ཡང་མེད། རྒྱུགས་ཞུགས་སློབ་མ་ལོང་བས་ལོང་བའི་རྒྱུགས་ཤོག་ལག་པས་རེག་ཏེ་ལན་འདེབས་པ་ཡིན་པས། དུས་ཡུན་ལོང་བ་མིན་པའི་རྒྱུགས་ཞུགས་སློབ་མ་ལས་རིང་ལ། རྒྱུགས་ཞུགས་སློབ་མ་ལོང་བའི་ཡིག་རྒྱུགས་དུས་ཚོད་དེ་བས་རིང་བ་རེད།     
        《དབང་པོ་སྐྱོན་ཅན་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་དོ་དམ་གྱི་གཏན་འབེབས》ནང་གསལ་བ་ལྟར་ན།
        མིག་དབང་སྐྱོན་ཅན་གྱི་རྒྱུགས་ཞུགས་སློབ་མར་ད་ལྟར་ལག་བསྟར་བྱེད་བཞིན་པའི་ལོང་བའི་རྒྱུགས་ཤོག་དང་། ཡིག་གཟུགས་ཆེ་བའི་རིགས་ཀྱི་རྒྱུགས་ཤོག་(ཡིག་གཟུགས་ཆེ་བའི་ལན་འདེབས་ཤོག་བྱང་ཚུད)གམ་ཡང་ན་རྒྱུགས་ཤོག་དཀྱུས་མ་མཁོ་འདོན་བྱེད་དགོས།
        མིག་དབང་སྐྱོན་ཅན་གྱི་རྒྱུགས་ཞུགས་སློབ་མས་ལན་འདེབས་པར་མཁོ་བའི་ལོང་ཡིག་སྨྱུ་གུ་དང་། ལོང་བའི་ལག་པང་། ལོང་བའི་རིས་དབྱིབས་བཟོ་བའི་ལག་ཆ། འགྱིག་བསུབ། གསོག་ཉར་གྱི་ནུས་པ་མེད་པའི་ལོང་བའི་ཡི་གེ་གཏག་ཆས། གསོག་ཉར་གྱི་ནུས་པ་མེད་པའི་གློག་རྡུལ་རོགས་ནུས་ལྟ་ཆས། ལོང་བའི་དབྱུག་པ། གློག་སྒྲོན། འོད་རིག་ཆེ་ཤེལ་སོགས་རམ་འདེགས་ཡོ་བྱད་དམ་སྒྲིག་ཆས་ཁྱེར་ཆོག 
        ལོང་བའི་རྒྱུགས་ཤོག་བཀོལ་བའི་མིག་དབང་སྐྱོན་ཅན་གྱི་རྒྱུགས་ཞུགས་སློབ་མས་སློབ་ཚན་དེར་གཏན་འབེབས་བྱས་པའི་རྒྱུགས་ལེན་སྤྱིའི་དུས་ཚོད་ཀྱི་རྨང་གཞིའི་སྟེང་དུས་ཡུན་50%ཇེ་རིང་དུ་བཏང་ཆོག 
        ལོང་བའི་རྒྱུགས་ཤོག་གིས་ཁོ་ཚོར་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་དུ་བཅུག
        ལོང་བའི་རྒྱུགས་ཤོག་ནི་2014ལོར་ཐོག་མར་བྱུང་ལ། དེས་ལོང་བ་གྲངས་ལས་འདས་པར་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་རེག 
        2014ལོར་རང་རྒྱལ་གྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་ལོང་བའི་རྒྱུགས་ཤོག་ཐོག་མ་དེ་བྱུང་བ་རེད། ཧོ་ནན་ནས་ཡིན་པའི་ལོ་46ལ་སླེབས་པའི་རྒྱུགས་ཞུགས་སློབ་མ་ལོང་བ་ལི་ཅིན་ཧྲེང་ནི་རང་རྒྱལ་དུ་ལོང་བའི་རྒྱུགས་ཤོག་སྤྱད་དེ་མཐོ་རྒྱུགས་དཀྱུས་མར་ཞུགས་པའི་རྒྱུགས་ཞུགས་སློབ་མ་དང་པོར་གྱུར་ཡོད།     
        2015ལོར་མཐོ་རྒྱུགས་དཀྱུས་མར་ཞུགས་མཁན་ཀྲེ་ཅང་གི་ལོང་བ་ཀྲེན་རུང་ཆོན་གྱིས་སྐར་གྲངས་570ལོན་པ་དང་། དེའི་ནང་རྩིས་རིག་སྐར་གྲངས་ཧྲིལ་པོ་ལ་ཉེ་བ་བླངས། 
        2015ལོར་ཉིང་ཞ་ཡི་ལོང་བའི་རྒྱུགས་ཞུགས་སློབ་མ་ཧོང་དབྱིང་ལ་སྐར་གྲངས་530ཡི་སྦྱངས་འབྲས་ཐོབ་པ་དེ། ཉིང་ཞའི་རྩིས་ཚན་རིགས་ཀྱི་དངོས་གཞི་དང་པོའི་སྐར་གྲངས་ཚད་ཐིག་ལས་སྐར་གྲངས་85ཡིས་མཐོ་བ་དང་། 2019ལོར་ཧོང་དབྱིང་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ཝུའུ་ཧན་རྩིས་ཚན་སློབ་ཆེན་དུ་འོས་བསྐྱལ་བྱས། 
        2017ལོར་ཨན་ཧུའེ་ཡི་རྒྱུགས་ཞུགས་སློབ་མ་ལོང་བ་ཝང་ཁྲུང་མཐོ་རྒྱུགས་ཀྱི་སྐར་གྲངས་575ཟིན་ཡོད་པ་དང་། དེ་ཞིང་ཆེན་རང་གི་དངོས་གཞི་དང་པོའི་སྐར་གྲངས་ཚད་ཐིག་ལས་སྐར་གྲངས་88གྱིས་བརྒལ་ཡོད། 
        2019ལོར་ཧྲན་ཏུང་གི་རྒྱུགས་ཞུགས་སློབ་མ་ལོང་བ་ཧྲའོ་ཁྲེན་གྱི་སྐར་གྲངས་584ཡིན་པ་དང་། དེ་རིག་ཚན་དཀྱུས་མའི་ཆོག་མཆན་གྱི་སློབ་བསྡུའི་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི་ལས་སྐར་གྲངས་81བརྒལ་ཡོད། 
        2019ལོར་ཨན་ཧུའེའི་རྒྱུགས་ཞུགས་སློབ་མ་ཨང་ཙེ་ཡུས་ཀྱིས་སྐར་གྲངས་551བླངས་ཡོད་པ་དང་། དེ་ས་གནས་རང་གི་དངོས་གཞི་དང་པོའི་སློབ་བསྡུའི་སྐར་གྲངས་ཀྱི་ཚད་གཞི་ལས་སྐར་གྲངས་55ཡིས་མཐོ་བ་དང་། ལོ་དེར་ཨན་ཧུའེ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་ཀྲུང་ལུགས་གསོ་རིག་ཆེད་ལས་ཀྱི་དངོས་གཞི་དང་ཤེས་རམས་པ་བསྟུད་མར་སློབ་བསྡུ་བྱས་པ་རེད།