དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བྱང་ཐང་གི་འབྲོག་པ་ཐོན་ལས་བཟོ་བར་གྱུར།

སྤེལ་དུས 2020-07-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
སྲིན་བུ་རི་འཚེམ་བཟོའི་ལག་རྩལ་སྦྱོང་བརྡར་ལྟེ་གནས། 
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “གནས་སྤོ་མ་བྱས་གོང་འཚོ་བའི་མཁོ་ཆས་ཉོ་དགོས་ཚེ་རྫོང་མཁར་དུ་བསྐྱོད་དགོས་ལ། ལམ་བར་ལ་ཉིན་གཅིག་འགོར། ད་ལྟ་ཁྱིམ་ནས་སྐར་མ་ཁ་ཤས་ཕྱིར་སོང་ཚེ་མཁོ་དངོས་ཐམས་ཅད་ལག་ཏུ་ཡོང་ཐུབ།”ཅེས་བོད་རང་སྐྱོང་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་སྲིན་པོ་རི་བཀོད་སྒྲིག་ཁུལ་དུ་འབྲོག་པ་ཚེ་རིང་གིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་། 
         འབྲོག་པ་ཚེ་གཡང་གི་ཁྱིམ་ནི་2019ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་གནས་སྤོ་མང་ཚོགས་3364དང་མཉམ་དུ་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་5000ཙམ་ཟིན་པའི་བྱང་ཐང་ནས། མཚོ་ངོས་ལས་མཐོ་ཚད་སྨི་3500ཡིན་པའི་བོད་ལྷོའི་ལུང་གཞུང་དུ་གནས་སྤོས་བྱས་པས། ཚེ་གཡང་ཚང་གི་འཚོ་བའི་སྤུས་ཚད་ཇེ་ལེགས་ཆེར་ཕྱིན་ཡོད།     
ཚེ་གཡང་།
         གནས་སྤོ་བྱས་རྗེས། འབྲོག་ཁུལ་གྱི་མང་ཚོགས“ཕྱིར་སྤོ་ཐུབ་པ་དང་། སྡོད་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱེད་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་ཐོན་ལས་འཆར་འགོད་ལ་སྤྱི་ཁྱབ་སྐུལ་འདེད་བཏང་སྟེ་སྔ་རྗེས་སུ་ངལ་ལས་མངགས་གཏོང་ཀུང་སི་དང་། གཞིས་ལས་འཕྲོད་བསྟེན་ཀུང་སི། ལྗང་སྒྱུར་གསོ་སྐྱོང་ཀུང་སི་སོགས་ཀུང་སི་གསུམ་བཙུགས་ཏེ་གནས་སྤོའི་མང་ཚོགས་ཉེ་བའི་སར་ལས་ཞུགས་ཐུབ་པར་བྱས་པ་རེད། 
         ཁོམ་མི་ཐུབ་པའི་ཚེ་གཡང་རྒྱུན་དུ་ཀུང་སིས་བཀོད་སྒྲིག་བྱས་པའི་ལས་ཀར་ཞུགས་པ་དང་། ལོ་ཕྱེད་ཙམ་གྱི་རྗེས་སུ། ལས་ལ་བརྩོན་ཞིང་བབ་བརླིང་ལྡན་པའི་ཚེ་གཡང་ལ་གྲོང་ཚོའི་ཁྱིམ་མཚེས་རྣམས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ། འོན་ཀྱང་ཚེ་གཡང་དེར་ཡིད་ཚིམས་ནས་མི་སྡོད་པར།  ཁོས་ལག་རྩལ་སྣ་གཅིག་སྦྱངས་འདོད་ཆེ་ཞིང་། རང་ཉིད་ཀྱི་ལག་རྩལ་དེ་ལ་བརྟེན་ནས་ཡིད་ཚིམས་པའི་ཡོང་འབབ་ཅིག་འཚོལ་འདོད་པ་རེད། 
སྲིན་བུ་རི་འཚེམ་བཟོའི་ལག་རྩལ་སྦྱོང་བརྡར་ལྟེ་གནས།
         དེར་བརྟེན་ཚེ་གཡང་འཚེམ་བཟོའི་ལག་རྩལ་སྦྱོང་བརྡར་འཛིན་གྲྭར་ཞུགས་ཏེ། འབྲོག་པ་ཞིག་ནས་ཐོན་ལས་བཟོ་བའི་བར་འགྱུར་བའི་སྦྱོང་བརྡར་བྱས། དུས་ཡུན་གང་ཙམ་ཞིག་ལ་སློབ་སྦྱོང་བྱས་པ་ལས། ཁོས་འཚེམ་བཟོའི་ལག་རྩལ་གྱི་རྨང་གཞིའི་སྐོར་ཐོག་མར་ཁོང་དུ་ཆུད་པར་གྱུར་ཅིང་། བདེ་བླག་ངང་ནས་མཐར་ཕྱིན་པའི་སློབ་མའི་གྲས་སུ་ཚུད་པ་མ་ཟད།    ངལ་རྩོལ་གན་རྒྱ་དངོས་སུ་བཞག་སྟེ་ལས་གནས་ལ་ཞུགས་པ་རེད། 
         “ཚེ་གཡང་གིས་དུས་ཚོད་འདི་འདྲའི་ཐུང་ངུ་ཞིག་གི་ནང་སློབ་སྦྱོང་སྣ་ཚོགས་འགྲུབ་ཐུབ་པར་མ་ཟད། རང་སྒེར་གྱིས་ཉིན་རེའི་ཐོན་སྐྱེད་ལས་འགན་ལེགས་པར་སྒྲུབ་ཐུབ་པས་ང་རང་ཧང་སངས་བྱུང”ཞེས་བོད་ལྗོངས་ཧ་ལས་སློབ་གསོ་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུའུ་ལུང་གིས་བཤད་རྒྱུར། “གནས་སྤོ་མང་ཚོགས་མང་ཆེ་བ་འབྲོག་ཁུལ་ནས་ཡོང་བ་ཡིན་པས། དེང་རབས་ཐོན་ལས་ཀྱི་བཀོལ་སྤྱོད་ཉམས་མྱོང་མེད་ལ། དེ་ལས་ཚེ་གཡང་གིས་འབད་བརྩོན་ཆེན་པོ་ཇི་ལྟ་བུ་ཞིག་བྱས་པའང་ཤེས་ཐུབ”ཅེས་ཟེར།  
སྲིན་བུ་རི་འཚེམ་བཟོའི་ལག་རྩལ་སྦྱོང་བརྡར་ལྟེ་གནས།
         ད་ལྟ་ཚེ་གཡང་གིས་སྐེ་དཀྲིས་དམར་པོ་དང་། སྒྲོག་ཡོལ། ཤེལ་ཡོལ། གདན་ཡོལ་སོགས་བཟོ་ཤེས་པར་མ་ཟད།    ད་དུང་ཟླ་བ་གཉིས་གསུམ་ཙམ་སློབ་སྦྱོང་བྱས་ཚེ། རིམ་བཞིན་སློབ་མའི་གྱོན་གོས་སོགས་དེ་བས་རྙོག་འཛིང་ཆེ་བའི་བཟོ་རྩལ་ཡང་ཤེས་ཐུབ། ཚེ་གཡང་གི་འབད་བརྩོན་དེས་ཉེ་འཁོར་གྱི་གྲོགས་པོ་ཚོར་ཡང་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅིང་། ཁོས་ད་དུང་རང་གི་དབང་པོ་སྐྱོན་ཅན་གྱི་གྲོགས་པོ་ཞིག་ཀྱང་སྦྱོང་བརྡར་ནང་ཞུགས་སུ་འཇུག་རྩིས་འདུག ཁོས“ངའི་གྲོགས་པོ་དབང་པོ་སྐྱོན་ཅན་དུ་གྱུར་ནས་ལས་ཀ་རག་ཁག་པོ་ཡོད། འོན་ཀྱང་འཚེམ་བཟོའི་ལས་ཀ་ནི་རྐང་པ་གཅིག་གིས་ཀྱང་སྒྲུབ་ཐུབ་པས། ངས་ལས་ཀ་བྱས་པ་བརྒྱུད་ཁོང་ལ་འཚོ་བ་ཡག་པོ་སྐྱེལ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡིན”ཞེས་ཟེར། 
         བོད་རང་སྐྱོང་ལྗོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་སྲིན་པོ་རི་བཀོད་སྒྲིག་ཁུལ་དུ་གནས་སྤོ་མང་ཚོགས་མང་པོ་འདུས་སྡོད་བྱས་ཡོད་པ་དང་།    ངལ་རྩོལ་ནུས་ཤུགས་འདང་ངེས་ཡོད་པས་གྱོན་ཆས་བཟོ་སྐྲུན་ལས་རིགས་དང་འཚེམ་བཟོའི་ལས་སྒོ་སྤེལ་རྒྱུར་ཧ་ཅང་འཚམ་པོ་ཡོད། བོད་ལྗོངས་ཧན་ལིན་སློབ་གསོ་ཞབས་ཞུ་ཚད་ཡོད་ཀུང་སིས་ཚོང་འགུགས་མ་འདྲེན་བྱས་ནས། བཀོད་སྒྲིག་ཁུལ་གྱི་མང་ཚོགས་ལ་ལག་རྩལ་སྦྱོང་བརྡར་བྱས་ཏེ་བཀོད་སྒྲིག་ཁུལ་གྱི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། 
སྲིན་བུ་རི་འཚེམ་བཟོའི་ལག་རྩལ་སྦྱོང་བརྡར་ལྟེ་གནས།
         ཀུང་སིས་རྒན་པས་གསར་པ་ཁྲིད་པ་དང་། སྤེལ་རོགས་ཁྲིད་གསུམ་གྱི་བྱེད་ཐབས་སྤྱད་དེ་གནས་སྤོ་མང་ཚོགས་དེ་བས་མང་བ་སྦྱོང་བརྡར་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད།   མིག་སྔར། སྐོར་དང་པོའི་སློབ་མ་40ཚང་མ་ཚོད་རྒྱུགས་ལ་དངོས་སུ་ཚད་ལོན་ནས་ལས་གནས་སུ་བསྐོ་བཞག་བྱས་ཡོད་པ་དང་། ཁོ་ཚོའི་ལས་ཀའི་ཧུར་སེམས་ཆེ་ལ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ལས་ཞུགས་འབབ་འཕར་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
         སུའུ་ལུང་གིས་བཤད་རྒྱུར། ཀུང་སིས་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་དེ་གའི་སློབ་མའི་གྱོན་གོས་ཚོང་རྟགས་བཟོ་སྐྲུན་ཐོན་ལས་གཏོད་རྒྱུར་དམིགས་ཏེ། ཁེ་ལས+གནས་སྤོ་དུད་ཚང་ཟུང་འབྲེལ་གྱི་ལས་སྒྲུབ་བྱེད་སྟངས་འཚོལ་ཞིབ་བྱེད་ཀྱིན་ཡོད་པ་དང་། སློབ་མའི་གྱོན་གོས་ལས་སྣོན་བཟོ་གྲྭ་སྔ་ཙམ་ནས་ཐོན་སྐྱེད་ཐུབ་པའི་བརྩོན་ལེན་བྱས་ཏེ། གནས་སྤོ་མང་ཚོགས་ལ་དེང་རབས་ཐོན་ལས་ལག་རྩལ་གསབ་སྦྱོང་དང་། མ་འོངས་པའི་ལོ་ངོ་གསུམ་གྱི་ནང་དུ། ལོ་རེར་སློབ་མའི་གྱོན་གོས་ཁྲི་150ནས་200བཟོ་བ་མངོན་འགྱུར་བྱ་བ་དང་། མི་500ནས་1000ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་ཟེར།